འཁྲུག་ཆ་དོད་པའི་སེམས་ཀྱི་ཉི་ཟླའི་ལོ་གསར་ཁྲོམ་ར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


མི་རྣམས་ཀྱིས་ཉོ་ཆ་རྒྱག་བཞིན་པ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲའི་འཕྲིན།ལོ་གསར་ཐོན་ལ་ཉེ་བའི་སྐབས་འདིར།སེམས་ཀྱི་ཉི་ཟླའི་ག་ས་གང་དུ་འཁྲུག་ཆ་དོད་པའི་སྣང་བ་ཤར་འདུག ལྷག་པར་དུ་སེམས་ཀྱི་ཉི་ཟླའི་ཟངས་རྟ་ཐང་ཆེན་དང་།ཞིང་ཟོག་ཁྲོམ་རའི་ཉེ་འཁོར་དུ་ལོ་གསར་གྱི་མཁོ་ཆས་སྣ་ཚོགས་ཏེ།སྒང་ཞུ་དང་སྦྱར་ཡིག གྲོ་སོ་ཕྱེ་མར།རླུང་རྟ། ཞིམ་ཟས་སོགས་བཤམས་ཡོད་ལ།ས་གནས་རང་གི་ཁྱད་ཆོས་ལྡན་པའི་ཚོང་ཟོང་སྟེ།ཉི་ཤར་གྱི་རྫ་ནག་དང་ཀོང་རྩེད་རའི་ཤིང་ཕོར།ཤོག་ཕྲ་དང་སིལ་སྐམ་སྣ་ཚོགས།གཞན་དེང་རབས་ཅན་གྱི་བོད་སྡེར་དང་ཐབ་ཚང་གི་མཁོ་ཆས།བོད་གདན་སོགས་གང་དགོས་ཅི་དགོས་ཡོད།

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལོ་གསར་མཁོ་ཆས།

        ལོ་རེའི་ལོ་གསར་ཐོན་ལ་ཉེ་བའི་སྐབས་སུ་ས་གནས་མང་ཚོགས་ཀྱིས་གནས་འདིར་ཡོང་ནས་ལོ་གསར་གྱི་མཁོ་ཆས་ཉོ་བར་དགའ།