བྱིའུ་དམར་འདབ་ཁྲ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    བྱིའུ་དམར་འདབ་ཁྲ་ནི་བྱིའུ་རིགས་ཀྱི་འདབ་ཆགས་རིགས་ཤིག་ཡིན། གཟུགས་པོའི་རིང་ཚད་ལ་ཕལ་ཆེར་ལི་སྨི་19ཡོད། མགོ་ཐོག་ནས་སྟོད་རྒྱབ་ནི་མདོག་དམར་ནག་ཡིན་པ་དང་།ཕྲག་པ།གཤོག་པ།རྔ་མ་སོགས་ནི་མདོག་ནག་པོ་ཡིན། དཔྲལ་དང་།མགོ་གཞོགས།བྲང་ཁ་སོགས་ནི་མདོག་དཀར་པོ་ཡིན་པ་དང་།སྒྲོ་ཁག་གི་མདོག་སྐྱ་བོ་དང་།བྲང་དང་།ཁོག་སྟོད་དང་།སྨད་ཀྱི་ཁ་དོག་དམར་པོ་ཡིན་ལ།གཞན་པ་རྣམས་མདོག་དཀར་པོ་ཡིན། མོ་བྱའི་ལུས་སྟོད་དང་ལུས་པོའི་ཟུར་དུ་གཞུང་རིས་མངོན་གསལ་ཡོད། ཁ་ཟུར་སྨུག་སྐྱ་དང་མ་ཁ་སེར་སྐྱ།རྐང་ཤ་ཁམ་ནག་ཡིན་པ་རེད། 

    གཙོ་བོ་ཧྲན་ཞི་དང་།ཀན་སུའུ།བོད་ལྗོངས།སི་ཁྲོན་དང་ཡུན་ནན་བཅས་སུ་ཁྱབ་ཡོད། མང་ཆེ་བ་ནི་རི་བོ་དམའ་བའི་ཁབ་དང་ལོ་མ་འདྲེས་མའི་ནགས་ཚལ་དུ་འཚོ་ཞིང་།གཙོ་བོ་རྩྭ་ལྡུམ་གྱི་ས་བོན་ཟ་ལ་འབུ་སྲིན་ཡང་ཟ་བཞིན་ཡོད།སེམས་ཀྱི་ཉི་ཟླར་མཐོང་དཀོན་པའི་འདབ་ཆགས་ཀྱི་རིགས་སུ་གཏོགས།