ཡུལ་སྐོར་བ་བོད་ལྭ་གྱོན་ནས་པར་རྒྱག་རྒྱུར་དགའ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།བདེ་ཆེན་དུ་ཡུལ་སྐོར་དུ་འོང་བའི་ཕྱོགས་བཞིའི་མགྲོན་པོ་རྣམས་ཀྱིས་དགའ་ལྡན་སུམ་རྩེན་གླིང་དང་རྡོ་མཁར་རྫོང་།ནགས་ཕག་མཚོ་སོགས་སུ་ས་གནས་རང་གི་ཁྱད་ཆོས་ལྡན་པའི་བོད་ལྭ་དང་རྒྱན་ཆ་སྣ་ཚོགས་བཏགས་ནས་མཛེས་པའི་དྲན་རྟེན་འདྲ་པར་བསྐྱོན་དེ་སེམས་ཀྱི་ཉི་ཟླའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་དང་མི་རིགས་རིག་གནས་ལ་རོལ་མྱོང་བྱེད་རྒྱུ་དེ་དར་སྲོལ་གསར་བ་ཞིག་ཏུ་འགྱུར་འདུག 

    སྣ་མང་ཕུན་སུམ་ཚོགས་པའི་བོད་ཀྱི་གྱོན་ཆས་དེ་རྒྱུན་རིང་བའི་ལོ་རྒྱུས་ཀྱི་ཁྲོད་ནས་ཐོན་པ་ཞིག་ཡིན་པ་དང་།དེའི་ཐོག་ནས་བོད་རིགས་མི་དམངས་ཀྱི་བློ་གྲོས་དང་།གསར་གཏོད་ནུས་པ།སྒྱུ་རྩལ་གྱི་བློ་སྦྱོང་།མཛེས་དཔྱོད་ཀྱི་སྤྲོ་སྣང་བཅས་མཚོན་གྱི་ཡོད།

    རྡོ་མཁར་རྫོང་དུ་བོད་ཆས་སྤྲས་ཏེ་པར་རྒྱག་ཉམས་ལེན་བྱེད་མཁན་ཧྲེན་ཞའོ་ལུའུ་ཡིས་ཚོང་ལས་ཀྱི་གོ་སྐབས་དེ་དམ་འཛིན་བྱས་ནས་རིན་གོང་མི་འདྲ་བའི་པར་རྒྱག་ཉམས་ལེན་སྣ་ཁ་འགའ་བཀོད་སྒྲིག་བྱས་ཡོད་པས། ཚོང་ཧ་ཅང་བཟང་བའི་སྐབས་སུ།ཉིན་རེར་ཚོང་བཅུ་གྲངས་ཡོད་པ་རེད།

    ཀོང་ཀྲོའུ་ནས་ཡིན་པའི་ཞའོ་སྨི་ཡིས་དུས་ཚིགས་འདིར་གཟབ་མཆོར་ལེགས་པར་སྤྲས་པའི་བོད་ཆས་ཆ་ཚང་ཞིག་གྱོན་ན་རང་ཉིད་སེམས་ཀྱི་ཉི་ཟླའི་ཁམས་པའི་བུ་མོ་ཞིག་ལ་གྱུར་པ་ལྟར་སྣང་ལ།སྐད་འཕྲིན་གྱི་གྲོགས་པོའི་ཚོམས་སུ་བསྐུར་བའི་འདྲ་པར་དེ་དག་ཀྱང་གྲོགས་པོ་ཚོས་བསྔགས་བརྗོད་བྱེད་ཀྱི་ཡོད་པས།རང་ཉིད་སེམས་ཀྱི་ཉི་ཟླར་ཡུལ་སྐོར་དུ་སོང་བར་མཛེས་སྡུག་གི་ཕྱིར་དྲན་ཞིག་ཀྱང་བཞག་ཡོད་ཅེས་བཤད་བྱུང་།