བྱིའུ་གཤོག་ཁྲ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    བྱིའུ་གཤོག་ཁྲ་ནི་བྱིའུ་ཚན་གྱི་འདབ་ཆགས་རིགས་ཡིན་པ་དང་།གཟུགས་པོའི་རིང་ཚད་ལ་ལི་སྨི་14ཡོད་ཅིང་།དེ་ནི་གཟུགས་འབྲིང་ཤོས་ཀྱི་ཁ་དོག་ནག་པའི་བྱིའུ་ཞིག་ཡིན།སྐྱེ་འཕེལ་དུས་སུ་བྱ་ཕོ་ལ་མདོག་གློ་ཁ་ཅན་གྱི་སྨིན་རིས་ཡོད་པ་དང་།རྐེད་དང་སྨད་ཀྱི་མདོག་གློ་ཁ་ཡོད་ཅིང་།དེའི་ཁྱད་ཆོས་ནི་རིམ་པ་གསུམ་པའི་འཕུར་སྒྲོ་དང་སྒྲོ་ཁེབས་སུ་མདོག་གློ་སྐྱའི་ཁྲ་ཁྲ་ཡོད་པ་རེད།བྱ་མོ་ལ་མདོག་གློ་སྐྱ་མེད་པ་མ་ཟད་གཞུང་རིས་ཀྱིས་ཁེངས་ཡོད་པ་དང་།འོག་གཟུགས་ཀྱི་མདོག་སེར་སྐྱ་ཡིན་པ།སྨིན་རིས་རིང་ཞིང་ཁ་དོག་སྲབ་མོ་ཡིན།རིམ་པ་གསུམ་པའི་སྒྲོ་མདོག་སྐྱ་བོ་ཅན་གྱི་སྒྲོ་སྣེ་ནི་བྱིའུ་དམར་པོ་དང་མི་འདྲ།བོད་ལྷོ་རྒྱུད་ཀྱི་བྱ་མོ་རིགས་ཀྱི་རིམ་པ་གསུམ་པར་མདོག་སྐྱ་བོའི་སྒྲོ་སྣེ་ཡོད་ཀྱང་མདོག་སྐྱ་བོའི་སྨིན་རིས་མེད། 

    རྒྱ་གར་ནས་འབྲས་ལྗོངས་བར་དང་དེ་བཞིན་ཀྲུང་གོའི་སྐམ་ས་ཆེ་མོའི་སི་ཁྲོན་དང་།ཡུན་ནན།བོད་ལྗོངས་སོགས་སུ་ཁྱབ་ཡོད།དེ་ནི་རྒྱུན་ལྗང་དང་ལོ་མ་ཆེ་བའི་ནགས་ཚལ་དང་།ཡངས་ཤིང་མཉམ་བསྲེས་ནགས་ཚལ།རི་བོ་མཐོན་པོའི་ལོ་སྙུང་ནགས་བཅས་སུ་འཚོ་ཞིང་།རི་བོ་མཐོན་པོའི་རྩྭ་ཐང་དང་།སྡོང་ཐུང་ནགས་ཚལ།ཡང་ན་ནགས་མཐའི་ཆུ་ཕྲན་དང་།སྨྱུག་མའི་ཁྲོད་དམ་རིའི་འགྲམ་གྱི་ས་སྟོང་དུ་འཚོ་བཞིན་ཡོད།

     སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་བྱིའུ་གཤོག་ཁྲ་ནི་རྒྱུན་མཐོང་གི་བྱ་ཞིག་མིན།