རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
འཛོམས་བྲོ།
བཞས་ཡག་མོ་སྒང་གསུམ་མཐོ་མར་བཞུགས། ། སྒང་གསུམ་མཐོ་མར་བཞུགས།། ཨ་རོགས་བསོད་ནམས་རོ་སེ་རོ།། ཨ་རོགས་བསོད་ནམས་རོ་སེ་རོ།། ཁྲི་ཉི་མ་ཟླ་བ་སྐར་མ་གསུམ། ། ཟླ་བ་སྐར་མ་གསུམ།། ཨ་རོགས་བསོད་ནམས་རོ་སེ་རོ། ། ཨ་རོགས་བསོད་ནམས་རོ་སེ་རོ།།
(གཞས་མ་གཏམ།) ཁྲི་ཉི་མ་ཟླ་བ་སྐར་མ་གསུམ། །ནམ་བསུ་བསམ་མ་འཕྲད་མ་འཛོམས་བྱུང་། །ཚེས་སྐར་མ་བཟང་ཐོག་ལན་རེར་འཛོམས།། འཛོམས་ཐོན་རན་ཕར་བགྲམ་མ་འགྲོ་ཞུ།།ཁྲི་ཉི་མ་ཟླ་བ་སྐར་མ་གསུམ། །ནམ་བསུ་བསམ་མ་འཕྲད་མ་འཛོམས་བྱུང་། །ཚེས་སྐར་མ་བཟང་ཐོག་ལན་རེར་འཛོམས།། འཛོམས་ཐོན་རན་ཕར་བགྲམ་མ་འགྲོ་ཞུ།།ནམ་བསུ་བསམ་མ་འཕྲད་མ་འཛོམས་ཀྱང་།། མ་འཕྲད་མ་མཛོངས་ཀྱང་།། ཨ་རོགས་བསོད་ནམས་རོ་སེ་རོ།། ཨ་རོགས་བསོད་ནམས་རོ་སེ་རོ།།ཚེས་སྐར་མ་བཟང་ཐོག་ལན་རེར་འཛོམས། ། བཟང་ཐོག་ལན་རེར་འཛོམས།། ཨ་རོགས་བསོད་ནམས་རོ་སེ་རོ།། ཨ་རོགས་བསོད་ནམས་རོ་སེ་རོ།།འཛོམས་ཐོན་རན་ཕར་བགྲམ་མ་འགྲོ་ཞུ།། ཕར་བགྲམ་མའགྲོ་ཞུ།། ཨ་རོགས་བསོད་ནམས་རོ་སེ་རོ།། ཨ་རོགས་བསོད་ནམས་རོ་སེ་རོ། ། ཨ་རོགས་བསོད་ནམས་རོ་སེ་རོ།། ཨ་རོགས་བསོད་ནམས་རོ་སེ་རོ།།