བདེ་ཆེན་གྱིས་ཡུན་ནན་ནུབ་རྒྱུད་སྐོར་ལམ་གྱི་སྤུས་ཚད་མཐོ་རུ་བཏང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲབ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་གྱི་ཡུལ་སྐོར་གསར་བརྗེའི་བརྗོད་དོན་གཙོ་བོའི་བཅར་འདྲི་ཚོགས་པ་བདེ་ཆེན་དུ་བསྐྱོད་པ་རེད།

    ཡུན་ནན་གྱི་ཡུལ་སྐོར་གསར་བརྗེའི་རྣམ་གྲངས་ཆེན་པོའི་ཁྲོད།བདེ་ཆེན་ཁུལ་གྱིས་ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་ལམ་ཐིག་བསྐྲུན་རྒྱུ་གོ་སྐབས་སུ་བྱས་ནས་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་བཏང་སྟེ“འཛམ་གླིང་གི་སེམས་ཀྱི་ཉི་ཟླ”ཞེས་པའི་ཡུན་ནན་ནུབ་རྒྱུད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་རེད།

    ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་སྐོར་ལམ་ནི་འཇོལ་རྫོང་ནས་སེམས་ཀྱི་ཉི་ཟླ་དང་།དེ་ནས་ས་དམ།ཏ་ལི།པའོ་ཧྲན།ཐེང་ཁྲུང་།ལུའུ་ཧྲུའེ།ཀུང་ཧྲན།འཇོལ་རྫོང་བཅས་ཡིན་ཞིང་།བདེ་ཆེན་ཁུལ་ནི་སྐོར་ལམ་དེའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན།བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི།ཅུས་ཀྲང་ལུའུ་ཀྲི་ཅུན་གྱིས་བདེ་ཆེན་ཁུལ་གྱིས་ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་ལམ་ཐིག་བསྐྲུན་རྒྱུ་གོ་སྐབས་སུ་བྱས་ནས་བདེ་ཆེན་ཁུལ་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་།ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་པོས་འཕེལ་རྒྱས། ཡུལ་སྐོར་དབུལ་སྐྱོར། གྲོང་གསེབ་ཀྱི་ཡུལ་སྐོར། ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་ལམ་ཐིག་ཆེན་མོ་བཅས་ཀྱི་འཆར་འགོད་སྒྲིག་བཟོ་བྱས་ཏེ་འཆར་འགོད་ཀྱི་སྣེ་ཁྲིད་ཐུབ་པ་བྱ་རྒྱུ་དང་། མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་དགའ་ལྡན་སུམ་རྩེན་གླིང་དང་འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་གྱིས་5Aརིམ་པའི་ལས་དོན་གཏོད་རྒྱུར་སྐུལ་འདེད་གཏོང་བ། མཛེས་ལྗོངས་ཁུལ་གྱི་སྤུས་ཚད་མཐོར་གཏོང་རིམ་སྤོར་ལ་སྐུལ་འདེད་གཏོང་བ། སྟག་མཆོང་གྲོག་རོང་མཛེས་ལྗོངས་ཁུལ་གྱི་རང་འགུལ་སྐས་འཛེག་དང་།པོ་ཏ་མཚོའི་སྲུང་སྐྱོང་སྒྲིག་བཀོད།འཇོལ་རྫོང་ཀོང་རྩེད་རའི་ཡུལ་བརྒྱད་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་གྲངས་24ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་བཅས་བཤད་པ་རེད།

    དེ་མ་ཟད་བདེ་ཆེན་གྱིས་ད་དུང་ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་ལམ་ཐིག་ཆེན་པོ་བསྐྲུན་རྒྱུར་བརྟེན་ནས།ཡུལ་སྐོར་གྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་ནས། མཛེས་སྡུག་ལྡན་པའི་གཞུང་ལམ་གྱི་ལམ་རྒྱུད་དུ་ལྗོངས་ལྟ་སྟེགས་བུ་དང་། མཁོ་བསྟུན་རོགས་སྐྱོབ་ས་ཚིགས།ཡུལ་སྐོར་གསང་སྤྱོད་ཁང་སྐྲུན་པ།གློག་གསོག་ཡོ་བྱད་སྣོན་པ་བཅས་བྱས་ནས།ལས་རིགས་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ལྟ་སྐོར་ཡུལ་སྐོར་ནས་ཕྱི་རོལ་དུ་རྐང་ཐང་དང་།ཞིབ་འཇུག ཚན་རིག་རྟོག་ཞིབ་སོགས་ཀྱི་ཉམས་ལེན་ཡུལ་སྐོར་དུ་འགྱུར་ལྡོག་བཏང་བ་དང་།ཐོན་རྫས་མཁོ་སྤྲོད་ཀྱི་གྲུབ་ཆ་ལེགས་སུ་བཏང་བ་བརྒྱུད་རྩེར་སོན་གྱི་འགྲུལ་པ་ནང་འདྲེན་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད་པ་རེད།