བདེ་ཆེན་གྱི་དགེ་སློབ་30ལྷག་ཧང་ཀྲོའུ་སོཊ་སུ་དངོས་སྦྱོང་བྱས་བར་སོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། བདེ་ཆེན་ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭའི་དགེ་སློབ་30ལྷག་ཙམ་གྱིས་ཀྲུང་གོ་ཡུལ་སྐོར་ཚོགས་པའི་རྩ་འཛུགས་འོག་ཧང་ཀྲོའུ་དང་། ཧྲང་ཧའེ། སུའུ་ཀྲོའུ། ནན་ཅིང་སོགས་ས་གནས་ཀྱི་འབྲིང་རིམ་ཡུལ་སྐོར་ཚོགས་པའི་ཁོངས་གཏོགས་མགྲོན་ཁང་དང་ཡུལ་སྐོར་ལས་དོན་ཁང་དུ་སློབ་སྦྱོང་དང་བརྟག་ཞིབ་བྱས་ནས་ཡུལ་སྐོར་སྣེ་ཤན་པའི་ལས་སྒོའི་དངོས་སྦྱོང་ནང་ཞུགས་པ་རེད།

        རྒྱུས་ལོན་བྱུང་བ་ལྟར་ན།ཀྲུང་གོ་ཡུལ་སྐོར་ཚོགས་པས་དུས་ཡུན་རིང་པོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་།ས་ཆ་གཉིས་སུ་སློབ་གསོ་དང་ཐོན་ལས་ཟུང་དུ་འབྲེལ་བའི་གཞི་གཅིག་གི་དབུལ་སྐྱོར་ལག་ལེན་སྤེལ་ཡོད།བདེ་ཆེན་ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭའི་འབྲིང་རིམ་ཡུལ་སྐོར་སྤུས་དག་འཛིན་གྲྭ་ནི་ཀྲུང་གོ་ཡུལ་སྐོར་ཚོགས་པའི་ཁ་གཏད་དབུལ་སྐྱོར་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་2020ལོའི་ཟླ་10པར་ཀྲུང་གོ་ཡུལ་སྐོར་རྩེར་སོན་འཛིན་གྲྭ་དངོས་སུ་སློབ་འགོ་ཚུགས་ཤིང་།ཁུལ་ཡོངས་ཀྱི་དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་27དེ་དག་རྩེར་སོན་འཛིན་གྲྭའི་སྐབས་དང་པོའི་སློབ་མར་གྱུར་ཡོད།

        རྩེར་སོན་འཛིན་གྲྭ་དེས་ཤམ་བྷ་ལ་ཆེན་མོའི་ས་ཁུལ་གྱི་ཡུལ་སྐོར་གསོལ་མགྲོན་ཁང་དང་ཡུལ་སྐོར་ལས་དོན་ཁང་། ཡུལ་སྐོར་ལྗོངས་ཁུལ་སོགས་ལས་ཡུལ་དང་པོའི་དོ་དམ་ལས་དོན་གྱི་འགན་འཁུར་ཐུབ་པའི་བྱང་ཚད་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། ཀྲུང་གོ་ཡུལ་སྐོར་ཚོགས་པས་ཀྲུང་གོ་ཡུལ་སྐོར་མཐུན་ཚོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས་པེ་ཅིང་སློབ་ཆེན་དང་། ཧྲང་ཧའེ་དགེ་འོས་སློབ་ཆེན། རྒྱལ་ས་དགེ་འོས་སློབ་ཆེན། ཡུན་ནན་ཡུལ་སྐོར་ལས་རིགས་སློབ་གླིང་སོགས་སློབ་གླིང་ནས་ཕུལ་བྱུང་དགེ་རྒན་གདན་དྲངས་ཏེ་གཟའ་འཁོར་གཉིས་ནས་གསུམ་བར་གཅིག་སྡུད་ཐོག་སློབ་ཁྲིད་བྱེད་ཀྱི་ཡོད། ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་བརྒྱུད་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱས་ཏེ་སློབ་མས་ཤེས་བྱ་གསར་པ་མགྱོགས་མྱུར་ངང་དང་ལེན་ཐུབ་རྒྱུར་རྨང་གཞི་བཏིང་ཡོད།    ཀྲུང་གོ་ཡུལ་སྐོར་རྩེར་སོན་འཛིན་གྲྭ་བཙུགས་པ་དེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་པོའི་ཕྱོགས་སྒྱུར་རིམ་སྤོར་དང་ཕུལ་བྱུང་ཡུལ་སྐོར་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་འགན་ལེན་ནུས་ལྡན་ཐུབ་ནས་ཀྲུང་གོ་ཡུལ་སྐོར་ལས་རིགས་ཀྱིས་སློབ་གསོར་རོགས་སྐྱོར་བྱེད་པའི་ཁྱད་ལྡན་སྤུས་རྟགས་ཤིག་ཆགས་ཡོད་པ་རེད།

        གོམ་སྟབས་རྗེས་མར་ཀྲུང་གོ་ཡུལ་སྐོར་ཚོགས་པས་སྲིད་གཞུང་གིས་ཁྲིད་སྟོན་དང་། ཀྲུང་དབྱང་ཁེ་ལས་ཀྱིས་རྒྱབ་སྐྱོར། ལས་རིགས་མཐུན་ཚོགས་ཞུགས་པ། སློབ་གྲྭར་དོན་འཁྱོལ་བཅས་ཀྱི་མཉམ་ལས་གཏིང་ཟབ་ཀྱི་ལམ་སྲོལ་མུ་མཐུད་འཚོལ་ཞིབ་བྱས་ནས་བདེ་ཆེན་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་མང་ཚོགས་ཕྱུག་འགྱུར་ལ་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན་པ་རེད།