བྱིའུ་དམར་དཀྱུས་མ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     བྱིའུ་དམར་དཀྱུས་མ་ནི་བྱིའུ་ཆུང་གྲས་ཀྱི་རིགས་སུ་གཏོགས་པ་དང་།   ལུས་པོའི་རིང་ཚད་ལ་ལི་སྨི་15ཙམ་ཡོད།   ཕོ་བྱའི་མགོ་དང་སྐེད།  མགྲིན་པ། བྲང་ཁ་བཅས་སུ་དམར་མདོག་མངོན།  རྒྱབ་དང་ཕྲག་པར་སྨུག་མདོག་མངོན།   སྒྲོ་ཡི་མཐའ་གཉིས་ལ་དམར་མདོག་མངོན།   གཤོག་པ་དང་མཇུག་མ་སྨུག་པོ་ཡིན།  མོ་བྱ་ཡིན་ན་ལུས་སྟོད་སྨུག་མདོག་དང་ལུས་སྨད་དཀར་པོ་ཅན་མང་།  གཙོ་བོ་ལོ་མ་ཁབ་མིག་ཅན་གྱི་ནགས་ཚལ་དང་ནགས་ཀྱི་མཐའ་ན་འཚོ་བ་ཡིན། དུས་རྒྱུན་དུ་ཁེར་རྐྱང་ངམ་ཡང་ན་ཕན་ཚུན་འགུལ་སྐྱོད་བྱེད་པ་དང་།  སྐྱེ་འཕེལ་མིན་པའི་དུས་སྐབས་སུ་མང་ཆེ་བ་ནི་འགའ་རེ་དང་ཡང་ན་གྲངས་འབོར་བཅུ་ལྷག་གིས་གྲུབ་པའི་ཁྱུ་དང་ཁྱུ་འགུལ་སྐྱོད་བྱས་ནས་ཟན་འཚོལ་གྱི་ཡོད།ཁ་ཟས་ལ་གཙོ་བོ་ཤིང་འབྲས་དང་།  ས་བོན།  མྱུ་གུ། ལོ་མ་མཉེན་པོ་སོགས་རྩི་ཤིང་རང་བཞིན་གྱི་ཟས་རིགས་ཀྱིས་ཟ་བ་དང་།  རྒྱུད་སྤེལ་དུས་སྐབས་སུ་འབུ་སྲིན་ཁ་ཤས་ཟ་བའང་ཡོད།

     སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་བྱིའུ་དམར་དཀྱུས་མ་ནི་དུས་རྒྱུན་དུ་མཐོང་ཐུབ་པའི་བྱིའུ་རིགས་ཤིག་ཡིན།