མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཟབ་པའི་འཇོལ་ཚོ་དྲུག་གྲོང་ཚོ། ༼༡༽

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    འཇོལ་རྫོང་ཚོ་དྲུག་ནི་ཐུན་མོང་མ་ཡིན་པའི་ས་ཆ་ཞིག་ཡིན།    ཚོ་དྲུག་ཅེས་པ་ཚོ་བ་དྲུག་ལས་ཆགས་པའམ་ཡང་ཡུལ་དེར་མཚོ་ཆུང་དྲུག་ཡོད་པ་ལས་མིང་ཐོགས་ཚུལ་གླེང་སྲོལ་ཡོད། 

     སྔར་ནས་བཟུང་ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་ཅིང་།སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་བཏོད་ནས་ཁྱིམ་ཚང་གཅིག་ལ་མི་རིགས་མང་བ་དང་དུད་ཚང་གཅིག་ལ་དད་མོས་མང་བའི་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།ཚོ་དྲུག་གྲོང་ཚོར་ཡང་སྔ་རྗེས་སུ་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་དགའ་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་ཀྱི་མིང་ཐོབ་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དཔེ་སྟོན་གྲོང་ཚོར་བདམས་ཡོད།

     ཚོ་དྲུག་གྲོང་ཚོར་བོད་དང་རྒྱ། ལི་སུའུ། འཇང་། པའེ་རིགས།  ནུའུ་རིགས། དབྱིས་རིགས་བཅས་མི་རིགས་བདུན་འཚོ་སྡོད་བྱེད་ཀྱི་ཡོད།  མི་རིགས་མང་པོའི་གྲོང་མིས་ཞི་མཐུན་བརྟན་ལྷིང་གི་འཚོ་བ་ལོངས་སྤྱོད་བྱེད་ཀྱི་ཡོད་པ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱས་ཡོད།

      ཚོ་དྲུག་གྲོང་ཚོའི་མངའ་ཁོངས་ནང་དུ་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ལས་ཁུངས་ཏེ་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ས་ཁོངས་སུ་སྐད་གྲགས་ཤིན་ཏུ་ཆེ་བའི་ཀི་ཐི་ལུགས་ཀྱི་གནམ་བདག་ཆོས་ཁང་ཞིག་ཡོད།1987ལོའི་ཟླ་12ཚེས་21ཉིན་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཡིག་ཆ་སྤེལ་ནས་ཚོ་དྲུག་གནམ་བདག་ཆོས་ལུགས་ཀྱི་ཆོས་ཁང་ནི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་ཡིན་པར་ཁྱབ་བསྒྲགས་བྱས་པ་དང་2006ལོར་ཚོ་དྲུག་ཆོས་ཁང་དེ་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པའི་ནང་བཅུག  2011ལོའི་ཟླ་7པར་ཚོ་དྲུག་གནམ་བདག་ཆོས་ལུགས་ཀྱི་ཆོས་ཁང་ལ་སྐབས་དང་པོའི་ཡུན་ནན་ཞིང་ཆེན་གྱིས་ཞི་མཐུན་དགོན་སྡེ་གཏོད་པའི་སྔོན་ཐོན་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་པ་རེད། 

     ཚོ་དྲུག་ཡུལ་འདིར་གནམ་གཤིས་དང་ས་རྒྱུའི་ཆ་རྐྱེན་བཟང་བས་རྒུན་འབྲུམ་གྱི་སྡོང་བོ་འཛུགས་པར་འཚམ་པོ་ཡོད།ཡུལ་འདིར་ལྕམ་མོ་ཧྭ་ལགས་ཞེས་པ་དང་རྒྱ་སེ་མེ་ཏོག་གི་སྦྲང་རྩི་ཞེས་འབོད་པའི་ཧྥ་རན་སེའི་པོའར་ཏུའོ་རྒུན་འབྲུམ་གྱི་སོན་རྒྱུད་ཅིག་ཡོད་པ་ལ་ལོ་500ལྷག་ཙམ་གྱི་གསོ་སྐྱོང་ལོ་རྒྱུས་ལྡན་ཡོད།  ས་བོན་དེ་ད་ཆ་ཧྥ་རན་སེ་རྒྱལ་ཁབ་ནང་རྦད་དེ་སྟོངས་ཟིན་མོད།འོན་ཀྱང་ཡུན་ནན་ལུང་ཁུག་གི་རི་ཁུལ་དུ་སྔར་བཞིན་སྐྱེ་འཚར་ལེགས་པོ་བྱུང་ཡོད། 

     ས་གནས་དེ་གའི་ས་གཤིས་གྲུབ་ཆ་དང་ཅུང་གྲང་བའི་གནམ་གཤིས་སོགས་ཀྱིས་རྐྱེན་པས་ས་ཆ་དེ་ནས་ཐོན་པའི་རྒུན་ཆང་དམར་པོ་དེ་རྟག་ཏུ་བྲོ་བ་ཅུང་ཁ་མོ་ཡོད་པས་དུས་ཡུན་རིང་པོ་འགོར་རྗེས་གཞི་ནས་འཇམ་ཐིང་ངེར་གནས་པ་དང་རྙོག་འཛིང་ཆེ་བའི་ཁོར་ཡུག་བཟང་པོ་ཞིག་ཏུ་སླེབས་ཀྱི་ཡོད།ཁ་དོག་ཟབ་ཅིང་བྲོ་བ་གཙང་བའི་རྒུན་ཆང་དམར་པོ་དེ་དག་ལས་མང་ཆེ་བ་འགྱིག་དམ་ནང་དུ་བཞག་མེད་པར་སྟབས་བདེའི་ངང་རྫ་མའི་ནང་དུ་ཉར་ཚགས་བྱས་ཡོད།