བྱིའུ་གདངས་རམ་རམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     བྱིའུ་གདངས་རམ་རམ་མམ་བྱིའུ་དམར་ནི་བྱིའུ་དང་ཁུག་རྟའི་ཚན་ཁག་ལས་བྲང་ཁ་ནག་ཤས་ཀྱི་བྱིའུ་རིགས་སུ་གཏོགས་པ་དང་།   ལུས་པོའི་རིང་ཚད་ལ་ལི་སྨི་15.5ཙམ་ཡོད།  ཕོ་བྱའི་ངོ་གདོང་ཅུང་དམར་ཞིང་མཆུ་ཏོ་ཅུང་ཕྲ།    སྨིན་མའི་རི་མོ་མིག་གི་མདུན་བར་བརྐྱངས་ཡོད།   བྲང་ལ་སྨུག་ནག་གི་མདངས་དང་ལྡན།    སྐེ་རྒྱབ་དང་ལུས་སྟོད་ལ་དམར་མདངས་ཆགས།   མོ་བྱ་ཡིན་ན་གཤོག་པ་གཉིས་ཁ་མདོག་སྐྱ་བོ་ཅན་དུ་སྣང་།  བྱ་འདི་གཙོ་བོ་འབྲུག་ཡུལ་དང་ཀྲུང་གོ   རྒྱ་གར།  ལོ་སི་མི་དམངས་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ།  འབར་མ། ནེ་པ་ལ།  ཕ་ཁི་སི་ཐན།  ཐེ་ལན།  ཡོ་ནན་བཅས་སུ་ཁྱབ་ཡོད།   རི་མཐོ་བྲག་རྡོ་དང་།སྡོང་ཐུང་ནགས་ཚལ།  རྩྭ་ཐང་།    ལོ་མ་མང་བའི་ཤིང་སྡོང་།   ལོ་མ་ཆེ་བའི་ནགས་ཚལ་སོགས་སུ་འཚོ་གནས་བྱེད།   དགུན་དུས་སུ་གྲོག་རོང་དང་རི་ཁུལ་དུ་འབབ་ཀྱི་ཡོད་ལ་སྐབས་རེ་ལམ་འགྲམ་གྱི་ནགས་ཚལ་ནང་ཟན་འཚོལ་གྱི་ཡོད།

      སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་བྱིའུ་གདངས་རམ་རམ་ནི་མཐོང་དཀོན་པའི་འདབ་ཆགས་རིགས་ཤིག་ཡིན།