རིམས་ནད་དང་འབྲེལ་བའི་དཀྲོག་གཏམ་དགུ། གཡོ་འོག་ཏུ་མ་ཚུད་པ་བྱོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-22   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        1དཀྲོག་གཏམ། ཏོག་གསར་ནད་དུག99.9%སྐར་མ10ནང་ཇ་ཐང་གིས་གསོད་ཐུབ་པ།

        གནས་ཚུལ་ངོ་མ། མིག་སྔའི་བར་དུ་ཇ་ཐང་བཏུང་བ་ལ་བརྟེན་ནས་ཏོག་གསར་རིམས་ནད་སྔོན་འགོག་དང་དྲག་སྐྱེད་ཡོང་ཐུབ་པའི་དཔང་རྟགས་ཅི་ཡང་མེད།

        2དཀྲོག་གཏམ། ཏོག་གསར་ནད་དུག་མིད་པའི་ནང་དུ་ཉིན4གནས་ཀྱི་ཡོད་པས། ཚྭ་ཆུ་དང་སྐྱུར་ཁུ་བཏུང་ན་ནད་དུག་གསོད་ཐུབ།

        གནས་ཚུལ་ངོ་མ། མིག་སྔའི་བར་ཏོག་གསར་ནད་དུག་མིད་པའི་ནང་ཉིན4གནས་རྗེས་ད་གཟོད་གློ་བའི་ནང་འགོ་བའི་དཔང་རྟགས་གང་ཡང་མེད། དེ་མིན་ཚྭ་ཆུ་དང་སྐྱུར་ཁུ། ཆུ་དྭངས་མོ་བཅས་ལ་ནད་དུག་གསོད་པའི་བྱེད་ནུས་མེད་ཅིང་། མིག་སྔའི་ནུས་ལྡན་གྱི་དུག་སེལ་བྱེད་ཐབས་ནི་སྨན་སྤྱོད་ཆང་བཅུད75%དང་། སྨུག་ཕྱིའི་འོད་ཟེར། ཁིལ་འདུས་དུག་སེལ་སྨན་རྫས་བཅས་རེད།

        3དཀྲོག་གཏམ། སྒོག་པ་ལེབ་ལེབ་གཏུབ་ནས་ཡུད་ཙམ་བཞག་རྗེས་ཁ་ནང་དུ་མུར་ན་ཏོག་གསར་ནད་དུག་གསོད་ཐུབ།

        གནས་ཚུལ་ངོ་མ། སྒོག་པའི་ནང་གི་བྱེད་ནུས་གྲུབ་ཆ་སྒོག་རྒྱུ་ལ་དུག་འགོག་ཕན་ནུས་མེད་པ་མ་ཟད། དེའི་འདུས་ཚད་ལ་ཚད་བཀག་ཡོད་པས། ཆུ་ཁོལ་མཉམ་དུ་འཐུང་བའམ་ཁ་ནང་དུ་མུར་བ་སོགས་གང་བྱས་རུང་དེའི་ཕན་ནུས་ཆེ་རུ་གཏོང་མི་ཐུབ།

        4དཀྲོག་གཏམ། ཏོག་གསར་སྨན་ཁབ་རྒྱག་རྒྱུ་ཡོངས་བསྒྲགས་དྲ་ཚིགས་སུ་སྔོན་ནས་མངགས་དགོས་པ་དང་། སྤྱི་ཚོགས་འགན་བཅོལ་བྱང་བུས་རིམས་ནད་ཁ་གསབ་ལེན་ཐུབ།

        གནས་ཚུལ་ངོ་མ། ཏོག་གསར་སྨན་ཁབ་ནི་དམངས་ཡོངས་ལ་རིན་མེད་ངང་རྒྱག་རྒྱུ་ཡིན་པ་དང་། སྨན་བཅོས་འགན་བཅོལ་ཐེབས་རྩ་དང་ནོར་སྲིད་ཀྱིས་མཉམ་དུ་འགན་འཁུར་རྒྱུ་ཡིན་པས། མི་སྒེར་གྱིས་ཏོག་གསར་སྨན་ཁབ་ཀྱི་མ་གནས་དང་རྒྱག་གླ་སྤྲོད་མི་དགོས། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱིས་རང་འགུལ་ངང“སྔོན་མངགས་འཕྲིན་ཐུང”ཞེས་པ་གཏོང་མི་སྲིད། ས་གནས་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་སུ “རིམས་ནད་ཁ་གསབ”ཅེས་པའི་ལས་སྒོའང་མེད།

        5དཀྲོག་གཏམ། ཉེ་དུས་ཕྱི་དངུལ་སྒོ་རྩིས་ཚོང་ཁང་དུ་འགྲོ་མི་རུང་ལ། འཁྱགས་གཏོང་སྒམ་སྣོད་ལ་དེ་བས་རེག་མི་རུང་།

        གནས་ཚུལ་ངོ་མ། མིག་སྔར་འཁྱག་ཕྲེང་དང་འབྲེལ་ཡོད་ལས་ཁུངས་ཀྱི་རིམས་འགོག་ལས་དོན་ལ་དམིགས་ཏེ། ས་གནས་ཁག་གིས་ཚོད་འཛིན་ནན་པོ་བྱས་ཡོད་པ་དང་། ལུགས་མཐུན་གྱི་ཐབས་ལམ་བརྒྱུད་ནས་ཉོས་པའི་འཁྱག་བཏང་ཟས་རིགས་ལ་ནད་དུག་བརྟག་བཤེར་དང་དུག་སེལ་ཐེངས་མང་བྱས་ཡོད་པས། ཐུགས་བློ་བདེ་པོས་མཆོད་ཆོག

        6དཀྲོག་གཏམ། “ཀྲུང་གོའི་དང་བླངས་པའི་མཐུན་ཚོགས”ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་མཁན་དང་བླངས་པ་བསྡུ་བཞིན་ཡོད་པ།

        གནས་ཚུལ་ངོ་མ། “ཀྲུང་གོའི་དང་བླངས་པའི་མཐུན་ཚོགས”ཞེས་པའི་ལས་ཁུངས་ཤིག་ གཏན་ནས་མེད།

        7དཀྲོག་གཏམ། དཔྱིད་གསར་སྐྱེལ་འདྲེན་མཚམས་བཞག་པ་དང་། ལས་མཚམས་བཞག་སྟེ་སྔ་སྣུར་དུ་གུང་གསེང་འཇོག་རྒྱུ་ཡིན་པ།

        གནས་ཚུལ་ངོ་མ། དཔྱིད་གསར་སྐྱེལ་འདྲེན་ཟླ1པའི་ཚེས28ཉིན་འགོ་ཚུགས་ཏེ་ཟླ3པའི་ཚེས8ཉིན་བར་ཡིན་པ་དང་། ས་གནས་ཁག་གི་གུང་གསེང་དང་ལས་སྒྲུབ་སྲིད་ཇུས་ཀྱི་བཀོད་སྒྲིག་ལ་ཁྱད་པར་ཆེ་ཙམ་ཡོད་ནའང་། ལས་མཚམས་འཇོག་རྒྱུའི་སྐོར་གྱི་གནས་ཚུལ་ཅི་ཡང་མེད།

        8དཀྲོག་གཏམ། 2021ལོའི་དཔྱིད་གསར་དུས་ཆེན་སྐབས་ཀྱི་མྱུར་སྐྱེལ་སྔ་སྣུར་དུ་སྐྱེལ་མཚམས་འཇོག་རྒྱུ།

        གནས་ཚུལ་ངོ་མ། ཧྲེན་ཐུང་དང་ཡོན་ཐུང་། ཡུན་ཏ། ཀྲུང་ཐུང་། པེ་ཧྲི། ཏེ་པང་སོགས་མྱུར་སྐྱེལ་ཁེ་ལས་མང་པོས་དཔྱིད་གསར་དུས་ཆེན་རིང་སྐྱེལ་མཚམས་འཇོག་བྱ་རྒྱུ་མིན་པ་བསྟན་ཡོད་ལ། ཧྲུན་ཧྥེང་གིས་དཔྱིད་གསར་དུས་ཆེན་རིང་ལས་ཚིགས་ཁག་ཅིག་ཏུ་ལས་རེས་བཀོད་སྒྲིག་བྱ་རྒྱུ་རེད།

        9དཀྲོག་གཏམ། དཔྱིད་གསར་དུས་ཆེན་སྐབས་ཤོག་སྦག་བརྒྱབ་ན་མཁའ་དབུགས་དུག་སེལ་བྱེད་ཐུབ།

        གནས་ཚུལ་ངོ་མ། ཤོག་སྦག་བརྒྱབ་ན་ནད་དུག་ནུས་ལྡན་གསོད་ཐུབ་པའི་འབྲེལ་ཡོད་དཔང་རྟགས་མེད་པ་དང་། ཕྱི་རོལ་དུ་ཤོག་སྦག་བརྒྱབ་ཀྱང་ནད་དུག་གསོད་ཐུབ་པའི་སྟུག་ཚད་ལ་སླེབས་ཀྱི་མེད།།