ཆུ་བྱ་ནག་པོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཆུ་བྱ་ནག་པོ་ནི་ཁྲུང་ཁྲུང་དབྱིབས་ཀྱི་སོན་བྱ་ཚན་གྱི་ཁོངས་སུ་གཏོགས་ལ། ལུས་པོའི་རིང་ཚད་ལི་སྨི་33ཟིན།  བྱ་དར་མའི་མགོ་དང་སྐེ  རྒྱབ་སྟོད་དེ་བཞིན་ཁོག་སྨད་བཅས་ཐལ་ནག་མདོག་ཡིན།  གཤོག་པའི་སྟེང་ཕྲ་ཞིང་རིང་བའི་འཕྲེད་རིས་དཀར་པོ་ཡོད། མཇུག་འོག་ཁེབས་སྒྲོ་གཞོགས་གཉིས་དཀར་པོ་དང་དཀྱིལ་དབུས་ནག་པོ།  མཆུ་རྨང་དང་དཔྲལ་བ་དམར་པོ་ཡིན།  བྱ་ཕོ་དང་བྱ་མོའི་ཕྱིའི་རྣམ་པ་འདྲ།

        ཆུ་བྱ་ནག་པོ་ནི་རྩི་ཤིང་ཡོད་པའི་ཚྭ་མེད་ཆུའི་བརླན་ས་དང་ཆུ་ཁོངས་ཉེ་འགྲམ་གྱི་འདམ་རྩྭའི་ཚོམ་བུ།  སྡོང་ཕྲན་ནགས་རྫོབ།  རྩྭ་རུབ།   འདམ་རྫོབ་སོགས་སུ་བབ་སྡོད་བྱེད་པ་དང་།  སྡོང་བོ་དང་རྩི་ཤིང་གིས་བསྒྲིབས་པའི་ཆུ་ཁོངས་ལ་དགའ་ཞིང་། རྒྱུན་དུ་ཆ་སྒྲིག་པའམ་ཁེར་རྐྱང་དུ་བྱ་འགུལ་བྱེད།  འཕུར་བར་མི་མཁས། མ་འཕུར་བའི་སྔོན་ལ་ཆུ་ཐོག་ནས་རྒྱུག་རོགས་ཐག་རིང་པོ་ཞིག་བྱེད་དགོས་པ་དང་།  འཕུར་སྐྱོད་དལ་བ།  འཕུར་སྐྱོད་བྱེད་སྐབས་མགོ་བོ་སྐེ་དང་རྐང་པ་ཚང་མ་དྲང་པོར་བརྐྱངས་པ།  འཕུར་ནས་ཐག་མི་རིང་བར་རྩྭ་གསེབ་ཏུ་འཛུལ། ཆུ་བྱ་ནག་པོ་ཡིས་ཆུ་སྐྱེས་འབུ་སྲིན་དང་སྲིན་འབུ་ལྟོ་འགྲོ  ཆུ་རྩྭ།  རྩི་ཤིང་གི་མྱུ་གུ་དང་ལོ་མ་གསར་པ་སོགས་ཟས་སུ་བྱས།  ཀྲུང་གོའི་བྱང་ཕྱོགས་སུ་དབྱར་དུས་ཀྱི་བྱ་རིགས་ཡིན་ལ་ལྷོ་ཕྱོགས་ནི་གཏན་སྡོད་བྱ་རིགས་ཡིན།

        སེམས་ཀྱི་ཉི་ཟླ་ས་ཁུལ་དུ་ཆུ་བྱ་ནག་པོ་ནི་ལོ་ཧྲིལ་པོར་གནས་སྡོད་བྱེད་པའི་རྒྱུན་མཐོང་གི་བྱ་རིགས་ཡིན།