བོད་ལྗོངས་ཀྱིས་མཁའ་ལམ་ཉི་ཤུ་གསར་དུ་སྣོན་རྒྱུ་ཡིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-22   རྩོམ་ཁུངས།    མི་དམངས་དྲ་བ།

        ཀྲུང་གོ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་1ཚེས་20ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་ཡོངས་བསྒྲགས་བྱས་པའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་2021ལོར་བོད་ལྗོངས་ཀྱིས་མཁའ་ལམ་20གསར་དུ་སྣོན་རྒྱུ་དང་། ལྗོངས་ནང་ཁུལ་གྱི་མཁའ་ལམ་གྱི་སྤ་སེའི་རིན་གོང་ལོ་འདིའི་ནང་20%གཅོག་རྒྱུ་ཡིན་ཞིང་། ཀུན་གྱིས་ཡིད་སྨོན་བྱེད་པའི་ཡུལ་སྐོར་བྱ་ཡུལ་བསྐྲུན་ཐབས་བྱ་རྒྱུ་ཡིན་པ་བསྟན་ཡོད།  
        
བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཡིས་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་བསྟན་དོན། “ལོ་ལྔ་ཚན་བཅུ་གསུམ་པའིརིང་། བོད་ལྗོངས་ཀྱིས་གསར་གཏོད་བྱས་པའི་དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེདཔའི་བྱེད་སྒོ་སྤེལ་བ་དང་། ཡུལ་སྐོར་མི་ཐེངས་དང་ཡོང་འབབ་ནི “ལོ་ལྔ་ཚན་བཅུ་གསུམ་པའིའཆར་འགོད་དམིགས་ཚད་ལས་ལོ་གཉིས་ཀྱི་སྔོན་ཚུད་དུ་ལེགས་འགྲུབ་བྱུང་བ་དང་། “ལོ་ལྔ་ཚན་བཅུ་གཉིས་པདང་བསྡུར་ན་སོ་སོར་ལྡབ་2.3དང་ལྡབ་2.4འཕར་ཡོད། གྲོང་གསེབ་ཡུལ་སྐོར་དུ་ཞིང་པ་དང་འབྲོག་པ་མི་ཁྲི་8.6ལས་ཞུགས་ཐུབ་པ་དང་། ལོ་རེ་མི་རེར་ཆ་སྙོམས་ཡོང་སྒོ་སྒོར་4300མི་དམངས་ཤོག་སྒོར། གཤམ་དུ་མཚུངསའཕར་སྣོན་བྱུང་ཡོད། རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞིགླིང་ཁུལ34ཡོད་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་60ལས་བརྒལ་ནས་ལོ་རེར་ཆ་སྙོམས་15%འཕར་ཡོད། 
        
སྲིད་གཞུང་གི་ལས་དོན་སྙན་ཞུའི་བསྟན་དོན། 2021ལོར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག བོད་ལྗོངས་ཀྱིས་དུས་ཡོངས་དང་ལྗོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུ་རེད། ཚོང་འགུག་དངུལ་འདྲེན་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་དངུལ་འཇོག་སྒོར་དུང་ཕྱུར་100ཡན་ཟིན་པར་བརྩོན་ལེན་བྱ་རྒྱུ་རེད། “གནམ་མཚོའི་ཡུལ་སྐོརདང་།མཐའ་མཚམས་ཀྱི་ཡུལ་སྐོརབཅས་ཀྱི་ལམ་ཐིག་སྤུས་དག་བཏོན་ནས་G219ཡུལ་སྐོར་བགྲོད་ལམ་ཆེན་པོ་བསྐྲུན་ཡོད། “རིག་གནས་གསར་གཏོད་ཀྱི་བོད་ལྗོངསཀྱི་ལས་རྣམ་གསར་པ་གསོ་སྐྱོང་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་པ་དང་། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་སྟེ་གསར་བརྗེའི་ཡུལ་སྐོར་གཏོད་རྒྱུ་རེད། 
        ཆེ་དགྲ་ལྷ་ཡིས་2021ལོར་བོད་ལྗོངས་སུ་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་600ལས་བརྒལ་བར་བརྩོན་ལེན་བྱ་རྒྱུ་དང་། ཡུལ་སྐོར་བའི་མི་ཐེངས་དང་ཡོང་འབབ་གཉིས་ཀ་20%ཡན་འཕར་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཡིད་སྨོན་བྱེད་པའི་ཡུལ་སྐོར་བྱ་ཡུལ་ཞིག་ཧུར་ཐག་གིས་བསྐྲུན་ཐབས་བྱ་རྒྱུ་ཡིན་པ་བསྟན།