ཆུ་ཀུ་ལུ་སྐེ་ནག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཆུ་ཀུ་ལུ་སྐེ་ནག་ནི་ཆུ་བྱ་ཆུང་གྲས་ཀྱི་རིགས་ཤིག་ཡིན་ལ། སྤྱིའི་རིང་ཚད་ལ་ལི་སྨི་30མ་གཏོགས་མེད། མཆུ་ཏོ་ནག་ལ་ཕྲ་ཞིང་རིང་།  མིག་དམར་པོ་ཡིན་ལ།  མགོ་ན་སྒྲོ་སྤུ་ནག་པོའི་མགོ་རྒྱན་ཡོད་པ་རེད།   རྒྱབ་ཀྱི་སྤུ་མདོག་ནག་པོ་ཡིན་ལ། སྒྲོ་འོག་དང་བྲང་སོགས་ལུས་འོག་གི་སྒྲོ་སྤུ་དཀར་པོ་ཡིན་པ་རེད། མིག་གི་རྒྱབ་ཕྱོགས་སུ་རླུང་གཡབ་དབྱིབས་སུ་མངོན་པའི་གསེར་མདོག་གི་སྒྲོ་རྒྱན་ཡོད། སྐྱེ་འཕེལ་མ་ཡིན་པའི་སྒྲོ་ཡི་མགོ་རྒྱན་དང་ལྟག་སྒང་།  སྐེ་སོགས་ཀྱི་ཁ་དོག་སྨུག་པོ་ཡིན། དེ་མིན་གྱི་ལུས་ཀྱི་ཁ་མདོག་དཀར་པོ་ཡིན་ལ།  བྲང་དང་གཤོག་འོག་གི་ཁ་མདོག་སྐྱ་བོ་ཡིན། མིག་གི་ལྟག་རྒྱབ་དུ་སྒྲོ་མེད་པས། ཕྱིའི་གྲགས་འགུལ་ཅི་ཡོད་ལ་ངོས་འཛིན་བྱེད་སླ་བ་རེད། 

        ཆུ་ཀུ་ལུ་སྐེ་ནག་གི་ཁྱབ་རྒྱ་ཧ་ཅང་ཆེ་སྟེ་དབྱར་དུས་སུ་ཀྲུང་གོའི་བྱང་ཤར་དང་། ཞིན་ཅང་གི་བྱང་རྒྱུད། དེ་མིན་ཤིས་པོ་ལི་ཡ་སོགས་སུ་རྒྱུད་སྤེལ་བ་དང་སྟོན་དུས་སུ་ལྷོ་ཕྱོགས་སུ་ཡོང་ནས་དགུན་སྐྱེལ་གྱི་ཡོད། ཆུ་ཀུ་ལུ་སྐེ་ནག་ནི་ལྷོ་ཕྱོགས་སུ་གནས་སྤོས་ནས་བྱང་དུ་གནས་སྤོ་བའི་ལམ་བར་དུ་ནགས་ཕག་མཚོ་སོགས་འདམ་ར་བརྒྱུད་པ་རེད། དེ་རྗེས་མུ་མཐུད་དུ་ལྷོ་ཕྱོགས་སུ་བསྐྱོད་དེ་ཨེར་ཧའེ་དང་ཡང་ན་མཚེའུ་ཆེ་གྲས་དང་ཆུ་མཛོད་གཞན་དག་ཏུ་འཕུར་ནས་དགུན་སྐྱེལ་བ་ཡིན་ལ།  དཔྱིད་དུས་སུ་བྱང་ཕྱོགས་སུ་རྒྱུད་སྤེལ་བྱ་ཡུལ་དུ་བསྐྱོད་དགོས་ཀྱི་ཡོད། སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་ཆུ་ཀུ་ལུ་སྐེ་ནག་ནི་དགུན་དུས་སུ་མ་གཏོགས་མཐོས་རྒྱུ་མེད་པ་རེད།