ཆུ་ཀུ་ལུ་མགོ་གཙུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཆུ་ཀུ་ལུ་མགོ་གཙུག་ནི་ཆུ་བྱའི་རིགས་ལས་གཟུགས་ཆུང་ཤོས་ཤིག་ཡིན་ལ།  སྤྱིའི་རིང་ཚད་ལ་ལི་སྨི་56ཡོད། ཆུ་ཀུ་ལུ་ཆེ་བའི་སྐེ་ཅུང་རིང་ལ། མགོ་ན་སྒྲོ་སྤུ་ནག་པོའི་མགོ་རྒྱན་ཡོད། ལུས་འོག་ཕྱོགས་ནི་ཕལ་ཆེར་དཀར་པ་ཡིན་འོད་མདངས་ལྡན། ལུས་ཀྱི་སྟེང་ཕྱོགས་ནི་སྨུག་སྐྱ་ཡིན་ལ།  སྐེ་ན་རྫ་མདོག་གི་ཁྲ་རིས་ཡོད།  གཤོག་པ་གཉིས་སྨུག་པོ་ཡིན་ལ་སྟེང་ན་དཀར་ཐིག་འདྲེས་མ་ཡོད། མིག་གི་སྔོན་དང་འགྲམ་པ་ན་དཀར་པོའི་ཁྲ་རིས་ཡོད། བྲང་གི་གཞོགས་གཉིས་དང་མཆན་འོག་ཅུང་རྫ་མདོག་ཡིན། དགུན་ཁར་སྒྲོ་པུ་ནག་པོའི་མགོ་རྒྱན་དང་སྐེའི་ཁྲ་རིས་མེད་པར་འགྱུར་འགྲོ་བ་རེད། 

        བྱ་འདི་ཀྲུང་གོའི་བྱང་ཕྱོགས་ཀྱི་ནང་སོག་དང་དེའི་བྱང་གི་ས་ཁུལ་དུ་རྒྱུད་སྤེལ་བཞིན་ཡོད་ལ། སྟོན་དུས་སུ་ལྷོ་ཕྱོགས་སུ་གནས་སྤོས་ནས་དགུན་སྐྱེལ་གྱི་ཡོད། ཆུ་ཀུ་ལུ་མགོ་གཙུག་ནི་རྒྱ་ཆེ་བའི་ཆུ་ཁོངས་སུ་འགུལ་སྐྱོད་བྱེད་པར་དགའ་ཞིང་། ཆུ་ཀུ་ལུ་ཆུང་བ་དང་འདྲ་བར་ཆུ་རྐྱལ་བར་མཁས་པ་རེད། རྒྱུད་འཕེལ་བའི་སྐབས་སུ་ཆུ་ཀུ་ལུ་ཆུང་བས་ཆུ་ཐོག་ཏུ་ཕན་ཚུན་འབྲེལ་འདྲིས་བྱེད་པའི་ཐུན་མོང་མ་ཡིན་པའི་ཞབས་བྲོ་འཁྲབ་ཅིང་། བྱ་མོ་དང་བྱ་ཕོ་རྣམས་ཀྱིས་ཐོག་མར་ཆུ་ངོས་ནས་ཕན་ཚུན་ལ་བལྟས་ནས་སྐད་ཅོར་རྒྱག་ལ། དེ་ནས་བྱ་གཉིས་དུས་གཅིག་ཏུ་ཆུ་ངོས་སུ་མཆོང་ནས་མགྱོགས་མྱུར་ངང་ཤུད་འགུལ་བྱེད་ཀྱི་ཡོད། 

         སེམས་ཀྱི་ཉི་ཟླའི་ཆུ་ཀུ་ལུ་མགོ་གཙུག་ནི་གནས་སྤོའི་འདབ་ཆགས་ཤིག་ཡིན་ལ། དགུན་དུས་མ་གཏོགས་མེད་པ་རེད།