རྒྱལ་ཁབ་སྤྱི་གླིང་ནང་གི་སྤྲེའུ་སྤུ་སེར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

         ཟླ་1ཚེས་17ཉིན། གསར་འགོད་པས་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་གྱི་ཁོངས་སུ་ཡོད་པའི་ཡུན་ནན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་དུ་ཁྱུ་དང་ཁྱུ་བྱས་པའི་སྤྲེའུ་སྤུ་སེར་ནགས་ཀློང་དུ་སྤྲོ་གསེང་བྱེད་བཞིན་ཡོད་པ་མཐོང་ལ། ལ་ལ་ཨ་མའི་པང་དུ་འབྱར་ནས་ཡོད་ལ། ལ་ལ་ཕར་ལྡིང་ཕར་ལྡིང་བྱས་ནས་རྩེད་འཇོ་ལ་རོལ་བཞིན་ཡོད། ལ་ལ་གཟན་ཆས་ཟ་བར་སྣང་བ་འཁོར་ནས་ཡོད་ལ། ལ་ལས་རྒྱང་རིང་དུ་བལྟས་ནས་ཅི་ཞིག་ལ་བསམ་གཞིགས་བྱེད་བཞིན་ཡོད་པ་རེད། བབ་ཆགས་ཡིན་ལ་སྙིང་རྗེ་བོའི་ཉམས་ཤིག་ཡོད་པའི་སྤྲེའུ་དག་གིས་ཡུལ་སྐོར་མང་བོའི་སྣང་འཕྲོག་ལ། དེ་ཡང་འདི་འདྲའི་སྤྲོ་སྣང་ཞིག་གིས་དགུན་དཀྱིལ་གྱི་ནགས་ཀློང་འདི་རེ་ཞིག་དགོད་སྒྲ་དང་དྲོད་ཁོལ་གྱིས་ཁེངས་པར་བྱས། 

         ཡུན་ནན་གྱི་སྤྲེལ་སྤུ་སེར་གྱི་རྒྱལ་ཁབ་སྤྱི་གླིང་བདེ་ཆེན་འབའ་ལུང་རྫོང་དུ་ཡོད་ལ། རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་334.16ཟིན་ཡོད་པ་རེད། ཡུན་ནན་གྱི་སྤྲེའུ་སྤུ་སེར་ནི་ཀྲུང་གོའི་ཡུན་ནན་ས་ཆར་དམིགས་བསལ་དུ་ཡོད་པའི་སྲོག་ཆགས་ཤིག་ཡིན་ཞིང་།དམིགས་བསལ་གྱི་སྲུང་སྐྱོབ་སྲོག་ཆགས་ཤིག་ཡིན་ཞིང་། གཙང་གསུམ་མཉམ་བཞུར་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་འཚོ་སྡོད་བྱེད་ཀྱི་ཡོད། དེ་ནི་འཛམ་གླིང་ཐོག་དོམ་ཁྲ་དང་འདྲ་བའི་སྲོག་ཆགས་རྩ་ཆེན་ཡིན་པ་རེད། མི་འགུལ་སྐྱོད་མེད་པའི་ས་བབ་མཐོའི་ས་ཁུལ་དུ་འཚོ་སྡོད་བྱེད་ཀྱི་ཡོད། ཐང་ལོ་དང་། སྔོ་དྲེག རྩི་ཤིང་གི་མྱུ་གུ་གསར་པ། འབྲས་བུ་བཅས་གཟན་དུ་སྤྱོད་པ་རེད།