ཡུན་ནན་ཞིང་ཆེན་གྱིས་ནོར་སྲིད་ཀྱི་དངུལ་གཏོང་ཇེ་མང་དུ་བཏང་ནས་མི་རིགས་ས་ཁུལ་གྱི་དམངས་འཚོ་འགན་སྲུང་བྱ་བར་རྒྱབ་སྐྱོར་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-18   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།

        

        ཉེ་ལམ་གསར་འགོད་པས་ཡུན་ནན་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཡུན་ནན་ཞིང་ཆེན་གྱི་མི་རིགས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་དང་། ལས་ཞུགས། སྡོད་ཁང་། སྤྱི་ཚོགས་འགན་སྲུང་བཅས་ཀྱི་རྒྱབ་སྐྱོར་ལ་ཤུགས་བསྣན་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་སློབ་གསོ་བརྟན་རླིང་ངང་འཕེལ་རྒྱས་བྱུང་བ་དང་། མི་རིགས་ས་ཁུལ་གྱི་སྡོད་ཁང་གི་ཆ་རྐྱེན་རིམ་བཞིན་ཇེ་ལེགས་སུ་གྱུར་ནས། མི་རིགས་ས་ཁུལ་གྱི་འཕྲོད་བསྟེན་བདེ་ཐང་བྱ་བར་ཡུན་རིང་གི་གོང་འཕེལ་བྱུང་། 

        2016ལོའི་རིང་ལ། བསྡོམས་པས་མི་རིགས་ས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་སྒོར་དུང་ཕྱུར218.1རྩིས་སྤྲོད་བྱས་ཏེ། 2016ལོའི་སྒོར་དུང་ཕྱུར42.7ནས2020ལོའི་སྒོར43.6བར་འཕར་སྣོན་བྱུང་།

ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་རྒྱབ་སྐྱོར་འོག ཡུན་ནན་ཞིང་ཆེན་མི་རིགས་ས་ཁུལ་གྱི་འོས་འགན་སློབ་གསོའི་སློབ་གྲྭ་ཡོངས་རྫོགས་ཀྱིས་ཚད་མཐའ20ཡི་ཚད་གཞིར་ལོན་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར4.29བཏང་སྟེ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོག་དང་པོར་ལོ14ཡི་རིན་མེད་སློབ་གསོ་ཚོད་ལྟའི་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱས། བདེ་ཆེན་ཁུལ་དང་ནུའུ་ཅང་ལི་སུའུ་རིགས་རང་སྐྱོང་ཁུལ་གྱི་སློབ་སྔོན་སློབ་གསོའི་ལོ2ཡི་རིན་མེད་སློབ་གསོ་དང་། མཐོ་འབྲིང་དཀྱུས་མའི་ལོ3གྱི་རིན་མེད་སློབ་གསོ་དངོས་འབེབས་བྱས། བདེ་ཆེན་ཁུལ་དང་ནུའུ་ཅང་ཁུལ་གྱི་ཞིང་སྡེའི་སློབ་མའི་འབྲིང་རིམ་ལས་རིགས་སློབ་གསོ་ཡོངས་སུ་ཁྱབ་པའི་ཚོད་ལྟའི་ཉམས་མྱོང་ཁྱབ་གདལ་དུ་བཏང་ནས་བསྡོམས་པས་མི་ཐེངས24822ལ་དངོས་ཕན་ཐོབ། བསྡོམས་པས་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར7བརྩོན་ལེན་བྱས་ཏེ། བདེ་ཆེན་ཁུལ་དང་ནུའུ་ཅང་ཁུལ་གྱི་ཆུས་གསུམ་ཁུལ་གསུམ་གྱི་སློབ་གསོའི་དབུལ་ཐར་མཁྲེགས་གཏོར་དངོས་འབེབས་བྱས་ལ། གྲངས་ཉུང་མི་རིགས་ས་ཁུལ་གྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མ་དང་ཞིང་ཆེན་མི་རིགས་མཐོ་འབྲིང་གི་འཚོ་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.12བཀོད་སྒྲིག་བྱས།

        མི་རིགས་ས་ཁུལ་གྱི་མི་ཁྲི32.6ལྷག་གི་ཡུལ་གཞན་གནས་སྤོར་ལས་འགན་ལེགས་འགྲུབ་བྱས་ཏེ། མི་རིགས་ས་ཁུལ་གྱི་ཞིང་སྡེའི་ཁང་རྙིང་བསྒྱུར་བཀོད་ལས་འགན་རིགས4མེད་པར་བཟོས་པས། མི་རིགས་སོ་སོའི་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་དང་འཚོ་སྡོད་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་བྱུང་། ཀྲུང་དབྱང་གིས་ཡུན་ནན་ཞིང་ཆེན་གྱི་ཞིང་སྡེའི་ཁང་རྙིང་བསྒྱུར་བཀོད་ལས་གཞིར་ཁ་གསབ་མ་དངུལ་གནང་ཚད་བསྟུད་མར་ལོ5ལ་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན།

        ཕྱོགས་ཡོངས་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་གཞི་ལྕི་མོའི་འགན་བཅོལ། སྨན་བཅོས་རོགས་སྐྱོབ། སྨན་རིན་མས་སྐྱོར་བཅས་འགན་སྲུང་རིགས་བཞི་བཙུགས་ཏེ། ནུས་རྩལ་གསོ་སྦྱོང་དང་ལས་གནས་འོས་སྦྱོར་ཞབས་ཞུ100%འདོན་སྤྲོད་བྱས། དུས་མཉམ་དུ་བསྡོམས་པས་མི་རིགས་ས་ཁུལ་གྱི་འཕྲོད་བསྟེན་བདེ་ཐང་བྱ་བའི་འཕེལ་རྒྱས་མ་དངུལ་སྒོར་དུང་ཕྱུར102.49དང་། མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར317.91། མཁར་གྲོང་གི་སྨན་བཅོས་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར36.58། མཁར་གྲོང་གི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར560.43བཅས་བཀོད་སྒྲིག་བྱས་ཏེ། མི་རིགས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བཅོས་བསྒྱུར་ལ་སྐུལ་འདེད་བཏང་། མི་རིགས་ས་ཁུལ་གྱི་མང་ཚོགས་དབུལ་བོ100%གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་གཞི་ལྕི་མོའི་འགན་བཅོལ་ཁྲོད་ཞུགས་ཏེ། མི་རིགས་ས་ཁུལ་གྱི་ཤང་གྲོང(སྲང་ལམ)དུ་བྱིས་པའི་ལྟ་སྐུལ་བ་དང་། སྡེ་བའི(སྡོད་དམངས་ཨུ་ཡོན་ལྷན་ཁང)བྱིས་པའི་ཀྲུའུ་རེན100%ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས།  །