ཆུ་ཀུ་ལུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཆུ་ཀུ་ལུ་ནི་ཆུ་བྱི་རིགས་ཆུས་གྲས་ཤིག་ཡིན་ལ། སྤྱིའི་རིང་ཚད་ལ་ལི་སྨི་༢༥ཙམ་ཡོད་མ་གཏོགས་མེད་པ་རེད། བྱིའུ་ཡི་གཟུགས་དབྱིབས་ཐུང་ཞིང་། རྒྱུད་འཕེལ་སྒྲོ་དང་དཔྲལ་བ། སྒལ་བ་སྨུག་པོ་ཡིན་ལ། མགོ་ཅུང་ནག་ལ་རྒྱབ་ཅུང་སྐྱ་བོ་ཡིན། གཤོག་སྒྲོ་གཉིས་ནི་རྫ་མདོག་ཡིན།  འགྲམ་པ་གཉིས་དང་སྐེ་ཡི་གཞོགས་གཉིས། མིད་པ་བཅས་ནི་དམར་པོ་ཡིན་ལ། བྲང་དང་མཆན་གཉིས། རྐང་པ་བཅས་སྨུག་སྐྱ་ཡིནཔ་རེད།  

        ཆུ་ཀུ་ལུ་ནི་ཧ་ལམ་རྒྱལ་ཡོངས་ཀྱི་ས་གནས་ཁག་སོ་སོར་ཁྱབ་ཡོད་ལ། གཙོ་བོ་མཚེའུ་དང་ཆུ་མཛོད། རྫིང་བུ་སོགས་སུ་ཡོད་པ་རེད།  དེའི་མཆུ་རྣོ་ཞིང་གཤོག་པ་ཐུང་ལ། འཕུར་བར་དེ་འདྲ་མི་མཁས་པ་རེད། དུས་རྒྱུན་ཆུ་ནང་དུ་གཟན་འཚོལ་བ་ཡིན་ལ། དུས་ཡུན་རིང་བོར་ཆུ་རྐྱལ་བ་ཡིན་པས། རྐང་པ་ནི་ལུས་པོའི་རྒྱབ་དུ་རྐུམ་ཡོད། རྐང་པྲའི་རྩ་བ་ནི་ལེབ་མོ། རྐང་ལེབ་ནི་ཆུ་རྐྱལ་གྱི་ལས་ཆོད་ཆེ་བའི་འདེད་ཆས་སུ་གྱུར་ཡོད་རེད། འོན་ཀྱང་སྐམ་སའི་སྟེང་དུ་འགྲོ་དུས་གོམ་པ་ཅུང་འཁྱར་འཁྱོར་འགྲོས་དལ་བ་རེད།  

        ཆུ་ཀུ་ལུ་ནི་རྩྭ་ཆུ་འཛོམས་པའི་ཆུ་ཁོངས་སུ་འབུ་སྲིན་དང་ཉ་ཆུང་།ཆུ་འབུ་ཆུང་བ།ཆུ་འབུ་ཆུང་བ་སོགས་འཚོལ་བ་དང་།ལྟོ་བ་རྒྱགས་རྗེས་ཆུ་ངོས་ཡངས་པོར་གཡེང་ནས་ངལ་གསོ་བྱེད་པ་རེད།  འཕུར་སྐྱོད་ལ་མི་མཁས་ཤིང་། དངངས་སྐྲག་སྐྱེས་སྐབས་མགྱོགས་མྱུར་ངང་གཤོག་པ་འགུལ་ལ།ཆུ་ངོས་ཀྱི་བར་ཐག་ཐུང་ངུའི་ཐོག་ནས་གང་སར་བསྐྱོད་ཅིང་།དེ་ནས་ཆུའི་ནང་དུ་འཛུལ་ནས་ཉེན་ཁ་ལས་གཡོལ་ཐབས་བྱེད།སེམས་ཀྱི་ཉི་ཟླའི་ཁུལ་དུ་ཆུ་ཀུ་ལུ་རྒྱུན་དུ་ཉར་བའི་འདབ་ཆགས་ཡིན་པ་རེད།