ཆུ་བྱ་དཀྱུས་མ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 བྱ་གཟིགས་སྒྲིག་འཛུཊ་ཨུ་ལྷན་གྱིས་ནགས་ཕག་མཚོ་ནས་པར་བླངས།   

        ཆུ་བྱ་དཀྱུས་མ་ནི་བྱ་གག་ཚན་ཁག་གི་ཁོངས་དུ་གཏོགས་པ་དང་། ལུས་པོའི་རིང་ཚད་ལི་སྨི་62ཙམ་ཡོད།  བྱ་ཕོའི་སྒྲོ་ནི་མདོག་དཀར་ནག་གཉིས་འདྲེས་པ་དང་། མགོ་ནི་སྨུག་ནག་ཡིན་ཞིང་སྒྲོ་སྤུ་མངོན་གསལ་ཡོད་ལ།རྒྱབ་དང་སྐེད་པ་སྐྱ་སྐྱ་ཡིན་པ་དང་གཤོག་ཤེལ་དཀར་ཞིང་ཆེ་ལ་མངོན་གསལ་དོད། གནས་གཞན་པའི་མདོག་དཀར་པོ་ཡིན།  བྱ་མོའི་མགོ་དང་སྐེ་ཁམ་སྨུག་ཡིན་ལ། ཁོག་སྟོད་སྐྱ་སྐྱ་དང་ཁོག་སྨད་དཀར་མདོག་ཡིན། ཆུ་བྱ་དཀྱུས་མས་ཉ་ཟས་གཙོ་བོར་འཛིན། མཆུ་དབྱིབས་ཕྲ་ཞིང་དོག་ལ།  མཆུ་ཏོའི་རྩེ་མོ་རྩེ་གུག  མཆུ་སྒྲོས་སོག་ལེའི་དབྱིབས་ཀྱི་གྲུབ་ཚུལ་དར་རྒྱས་ཆེ།

        ཆུ་བྱ་དཀྱུས་མ་ཡིས་གཙོ་བོ་མེ་གླིང་བྱང་མའི་བྱང་ཕྱོགས་དང་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེན་པོར་སྐྱེ་འཕེལ་བྱེད་ཞིང་། ཨ་རིའི་ལྷོ་རྒྱུད་དང་ཀྲུང་གོའི་དབུས་རྒྱུད་དུ་དགུན་སྐྱེལ། དགུན་དུས་དང་གནས་སྤོ་བྱེད་རིང་ལ་ཀྲུང་གོའ་ཤར་རྒྱུད་དང་འབྲི་ཆུའི་འབབ་རྒྱུད་ནས་རྒྱུན་མཐོང་ཡིན། ཆུ་བྱ་དཀྱུས་མས་ལོ་ལྟར་གྱི་ཟླ་བ་10པར་གནས་སྤོ་ནས་ཡུན་ནན་དུ་སླེབས་པ་དང་ཕྱི་ལོའི་ཟླ་བ་3པར་ཁ་བྲལ།  དགུན་སྐྱེལ་བྱེད་སར་ཆུ་བྱ་དཀྱུས་མ་ནི་ཁྱུ་ཁ་ཤས་སམ་ཡང་ན་བཅུ་ཕྲག་ཁ་ཤས་ཀྱིས་མཚེའུ་དང་ཆུ་མཛོད། ཆུ་རྫིང་སོགས་སུ་ལྟོ་འཚོལ། ཆུ་བྱ་དཀྱུས་མས་ཆུ་ལ་རྐྱལ་དུས་གདོང་དང་མཆུ་ཆུ་ནང་དུ་ནུབ་ནས་ཉ་རིགས་འཚོལ་བར་དགའ་ལ།  རྒྱུན་དུ་མགྱོགས་མྱུར་ངང་ཆུར་རྐྱལ་ནས་ཉ་རིགས་འཛིན་བཟུང་བྱེད།

        སེམས་ཀྱི་ཉི་ཟླ་ས་ཁུལ་དུ་ཆུ་བྱ་དཀྱུས་མ་ནི་ས་མཐོའི་རླན་སའི་རྒྱུན་མཐོང་གི་དགུན་ཁའི་དུས་བྱ་ཞིག་ཡིན།

སུང་ཞུའེ་པའོ་ཡིས་ཀླུ་ཆུ་སྤྱི་གླིང་ནས་པར་བླངས།