ཆུ་བྱ་དཀར་པོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

དབྱང་ཐའོ་ཡིས་པར་ལེན

སུང་ཞུའེ་པའོ་ཡིས་པར་ལེན།  

    ཆུ་བྱ་དཀར་པོ་ནི་བྱ་གག་ཚན་ཆུ་བྱ་ངང་བའི་རིགས་སུ་གཏོགས། སྤྱིའི་རིང་ཚད་ལ་ཕལ་ཆེར་ལི་སྨི་42ཡོད། བྱ་ཕོའི་ལུས་ཀྱི་སྒྲོ་ནི་ཁ་དོག་དཀར་པོ་དང་ནག་པོ་གཙོ་བོ་ཡིན། མིག་གི་མཐའ་དང་སྔས་མགོ རྒྱབ་ནག་པོ། སྐེད་དང་མཇུག་མ་ལ་ཐལ་མདོག གཤོག་སྐྱ་གཉིས་ཐལ་མདོག་ནག་པོ་རེད་། བྱ་མོའི་སྟོད་ཀྱི་མདོག་ནག འོག་གི་མདོག་དཀར་པོ། མགོ་ལ་ཁམ་ནག  མཚེའུ་དང་། ཆུ་བོ། རྫིང་བུ་སོགས་སུ་འཚོ་སྡོད་བྱེད་ཅིང་། ཆུ་རྐྱལ་དང་ཆུ་འཛུལ་ལ་མཁས་པ་རེད། ཉ་རིགས་དང་སྒལ་ཚིགས་མེད་པའི་སྲོག་ཆགས། རྩི་ཤིང་རང་བཞིན་གྱི་ཟས་རིགས་ཉུང་ཤས་བཅས་ཟ་བ། མཚེའུ་དང་། གཙང་པོ་དང་ཆུ་བོ། རྫིང་བུ། ཆུ་མཛོད། མཚོ་ཁུག མཚོ་རྒྱུད་དུ་འཚོ་སྡོད་བྱེད་ཡོད། ཟས་རིགས་གཙོ་བོ་ནི་ཉ་ཆུང་དང་། མཉེན་གཟུགས་སྲོག་ཆགས་ཀྱང་འབོར་ཆེན་ཟ་བ་དང་། རུས་སྐོགས་ཅན་གྱི་རིགས་དང་། དར་སྲིན་སོགས་ཆུ་སྐྱེས་སྒལ་ཚིགས་མེད་པའི་སྲོག་ཆགས་དང་། སྐབས་འགར་རྩི་ཤིང་རང་བཞིན་གྱི་ཟས་རིགས་ཉུང་ཙམ་ཟ།

    རྒྱལ་ནང་དུ་ནང་སོག་བྱང་ཤར་རྒྱུད་ཀྱི་འདམ་རྫབ་ས་ཁུལ་དུ་རྒྱུད་སྤེལ་བ་དང་། དགུན་དུས་ལྷོ་ཕྱོགས་སུ་སྤོ་སྐབས་ཀྲུང་གོའི་ས་ཁུལ་མང་ཆེ་བ་བརྒྱུད་པ་རེད། ཁྱབ་རྒྱ་ཆེ་ཡང་རྒྱུན་དུ་མཐོང་རྒྱུ་མེད།

    སེམས་ཀྱི་ཉི་ཟླའི་ཁུལ་དུ་ཆུ་བྱ་དཀར་པོ་ནི་རྒྱུན་མཐོང་མེད་པའི་དགུན་དུས་བྱ་རིགས་ཤིག་རེད།