བདེ་ཆེན་གནམ་གྲུ་ཐང་གིས་འགྲུལ་པ་འདོན་འཇུག་ཚད་མི་ཐེངས་ཁྲི་38བརྒལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    2020ལོར་འགྲུལ་པ་འདོན་འཇུག་ཚད་མི་ཐེངས་383441ཟིན་པ་དང་། དུས་གཏན་གནམ་གྲུ་འཕུར་བབས་ཐེངས་4694ཟིན་པ། དངོས་ཟོག་དང་སྦྲག་ཐོག་ནས་འདོན་འཇུག་ཚད་ཏུན་602.9ཟིན་ནས་ལོ་འཁོར་གྱི་དམིགས་ཚད་ཚད་བརྒལ་ངང་ལེགས་སྒྲུབ་བྱུང་བ་རེད།

    ཏོག་གསར་རིམས་ནད་ཀྱི་ཤུགས་རྐྱེན་ལ་དམིགས། དམངས་སྤྱོད་མཁའ་འགྲུལ་ཅུས་དང་དམངས་སྤྱོད་མཁའ་འགྲུལ་ལྷོ་ནུབ་ས་ཁུལ་དོ་དམ་ཅུས་ཀྱི་དུས་གཏན་གནམ་གྲུའི་ལན་གྲངས་བཀོད་སྒྲིག་སྲིད་ཇུས་དང་ཚོགས་པ་ཀུང་སིས་ཞིང་ཆེན་ཡོངས་ཀྱི་གནམ་གྲུ་ཐང་གི་དུས་གཏན་གནམ་གྲུ་སླར་གསོ་ལས་དོན་སོགས་ཀྱི་བླང་བྱ་གཞིར་བཟུང་གོ་རིམ་ལྡན་པའི་ངང་སླར་གསོ་དང་། འཕར་སྣོན། གསར་དུ་འཕུར་སྐྱོད་བཅས་ཀྱི་དུས་གཏན་གནམ་གྲུ་བཀོད་སྒྲིག་བྱས་པས་དུས་གཏན་གནམ་གྲུ་ལག་བསྟར་བྱེད་ཚད་མང་ཤོས་དེ་ན་ནིང་གི་དུས་མཚུངས་ཀྱི་91.7%བར་སླར་གསོ་བྱུང་བ་དང་། ཟླ་10པའི་རྗེས་ཀྱི་དུས་གཏན་གནམ་གྲུ་དེ་ན་ནིང་གི་དུས་མཚུངས་ལས་ཆེས་ཆེར་བརྒལ་ནས་བསྐྱར་དུ་ལས་འགོ་རྩོམ་པའི་དུས་བབ་ལྡོག་ནས་དངོས་གཞིར་གྱུར་ཡོད་པ་རེད། བདེ་ཆེན་གནམ་གྲུ་ཐང་གིས“བཀྲ་ཤིས་བདེ་ལེགས”ཀྱི་ཞབས་ཞུའི་སྤུས་རྟགས་མུ་མཐུད་ལེགས་སུ་བཏང་བ་བརྒྱུད།“ལག་ཐོགས་ཁ་པར་ཞིག་ཡུན་ནན་དུ་ཡུལ་སྐོར་བྱེད་པའི”ཞབས་ཞུའི་ལས་དོན་དོན་འཁྱོལ་ནན་ཏན་བྱས་ནས་ཞབས་ཞུའི་སྤུས་རྟགས་ཀྱི་ནང་དོན་ཟམ་མི་ཆད་པར་འཚོལ་ཞིབ་དང་སྤུས་རྟགས་ཀྱི་རིན་ཐང་གི་དོན་ལ་བབས་ས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་གནམ་གྲུ་ཐང་གི་ཞབས་ཞུ་ལེགས་སུ་གཏོང་བའི་བྱ་ཐབས་གསར་པ་འཚོལ་ཞིབ་བྱེད་པ་དང་འབྲེལ“ལྷག་བསམ་ཟོལ་མེད་ཀྱི་ཞབས་ཞུའི”འདུ་ཤེས་ནང་མཉམ་འདྲེས་བྱས་ནས་ལྗང་མདོག་དང་། དྲོ་སྐྱིད་ལྡན་པ། ཞི་མཐུན་བཅས་ཀྱི་གོ་སྐབས་དང་བསྟུན་ནས་འགྲུལ་པར་ཞབས་འདེགས་ཡག་པོ་ཞུ་དགོས།

    2020ལོར་བདེ་ཆེན་གནམ་གྲུ་ཐང་གིས་དུས་ཐེངས་བཞི་པའི་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་དང་། འགག་སྒོའི་གནམ་གྲུ་ཐང་འཛུགས་སྐྲུན། གནམ་གྲུ་ཐང་གི་རྒྱལ་སྒོ དེ་བཞིན་སྒོ་འཛུལ་མཛེས་ལྗོངས་སྒྱུར་བཀོད་སོགས་རྣམ་གྲངས་གལ་ཆེན་ལེགས་སྒྲུབ་བྱས་པ་དང་2020ལོའི་ཟླ་12པའི་ཚེས་31ཉིན་བར་གནམ་གྲུ་ཐང་གི་2020ལོའི་གཏན་འཇགས་རྒྱུ་ནོར་མ་འཇོག་འཆར་གཞིའི་རྣམ་གྲངས་ཁྱོན་43དང་གཏན་འཇགས་རྒྱུ་ནོར་མ་འཇོག་འཆར་གཞི་སྒོར་ཁྲི་13843.41ཟིན་ནས་མ་འཇོག་སྒོར་ཁྲི་11075.15ལེགས་སྒྲུབ་བྱུང་བ་རེད།