འཚོ་བའི་གོམས་གཤིས་འདི་འདྲ་འཇགས་ན་ལུས་ཟུངས་བདེ་ཐང་ཡོང་ངེས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-13   རྩོམ་ཁུངས།    གངས་ལྗོངས་ཉིན་རེའི་ཚགས་པར།

    དང་པོ། ལྟོ་དུས་གསུམ་ཡིན་གཅིག་དུས་ཐོག་ལ་ཟ་དགོས།

    གཉིས་པ། གཉིད་ཆུ་ཚོད་8འདང་ངེས་ཉལ་དགོས།

    གསུམ་པ། ཉིན་ལྟར་ལུས་སྦྱོང་ཆུ་ཚོད་ཕྱེད་ཀ་རྒྱུན་འཁྱོངས་དགོས།

    བཞི་པ། གད་མོ་བགད་ན་ལུས་ཁམས་བདེ་ཐང་ཡོང་བས་གད་མོ་མང་ཙམ་དགོད་དགོས།

    ལྔ་པ། ཉིན་ལྟར་བཙོག་པ་ཐེངས་གཅིག་གཏོང་དགོས།

    དྲུག་པ། ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཟེར་བ་ཇི་བཞིན། བཟའ་ཟླ་དང་འཆམ་མཐུན་ཡོང་བ་བྱ་རྒྱུ་གལ་ཆེ་བའོ།

བདུན་པ། ལུས་ཟུངས་བདེ་མ་ཐང་མ་ཡོང་དགོས་ན་ཐ་མག་དང་ཆང་རག་སྤོངས་དགོས།

    གཞན་ཡང་། བཟའ་འཐུང་ཐུབ་པ་ཨ་བསོད་རེད། ཟ་ཚོད་ཤེས་པ་གལ་ཆེ་རེད། དེར་བརྟེན། སྐུ་ཉིད་ཀྱི་བདེ་ཐང་ཆེད་དུ་ཞོགས་ཟས་རྒྱལ་པོའི་ཟས་དང་། དགུང་ཟས་བློན་པོའི་ཟས། དགོང་ཟས་སྤྲང་པོའི་ཟས་ལྟར་མཆོད་རྒྱུ་དེའང་གལ་ཆེའོ།