རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཝེ་ཁྲ་ནི་གཟུགས་པོའི་རིང་ཚད་ལི་སྨི་60ཡོད་པ་རེད། ཁམ་ནག་ལ་འོད་འཚེར་བའི་ཝེ་ཁྲི་རེད། མཆུ་ཏོ་ནག་པོ་དང་རིང་ཞིང་སྒུར་བ། གདོང་དམར་རྗེན་དུ་མངོན་པ། པགས་པ་གཅེར་བུ་དང་མིག་མཐའ་ཞ་མདོག ལུས་སྟོད་དུ་ལྗང་མདོག་དང་སྨུག་མདོག་གི་འོད་མདངས་ལྡན། རྐང་པ་ལྗང་མདོག་དང་། སྐེ་དང་། རྒྱབ། ཕྲག་པ་དང་ཆེས་ནང་གི་གཞོགས་ངོས་སུ་སྒྲོ་སྤུ་ཟབ།
ཝེ་ཁྲ་ནི་ཆུ་གཏིང་ཐུང་བའི་མཚེའུ་དང་། འདམ་རྫབ། ཆུ་བོ། རྫིང་བུ། ཆུ་ནགས། རྩྭ་ཐང་། ཆུ་ཞིང་། ཆུ་ཡུར་སོགས་ཚྭ་མེད་ཆུའི་ཆུ་ཁོངས་སུ་འཚོ་ཞིང་། སྐབས་འགར་མཚོ་འགྲམ་གྱི་ཆུ་འབུར་དང་། ན་འདམ། ཆུ་བོ་བཅས་མཚོ་ཁའི་ནང་དུ་འབབ་པ་དང་མཚོ་ཁོངས་གཞན་དག་ཏུ་འཚོ་བཞིན་ཡོད། ཉིན་དཀར་རྒྱུ་བ་དང་ལྟོ་འཚོལ་བ། དགོང་མོར་ལྟོ་འཚོལ་སའི་ཆུ་ཁོངས་དང་བར་ཐག་ཅུང་རིང་བའི་ས་ཆར་འཕུར་ནས་སྡོང་མགོར་འཚོ་བ་དང་། འཕུར་སྐྱོད་བྱེད་སྐབས་མགོ་བོ་མདུན་ཕྱོགས་སུ་དྲང་བོར་བརྐྱངས་ནས་རྔ་སྒྲོའི་རྒྱབ་ཏུ་རྐང་པ་བརྐྱངས་ནས་འདུག་དགོས།
སེམས་ཀྱི་ཉི་ཟླའི་ས་ཁུལ་དུ། ཝེ་ཁྲ་ནི་མཐོང་དཀོན་པའི་འདབ་ཆགས་ཤིག་ཡིན།