བདེ་ཆེན་གྱི་བོད་སྨན་ཐོན་སྐྱེད་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་བོད་སྨན་ཁང་གི་སྨན་སྦྱོར་ཁང་གིས་གོང་རིམ་སྡེ་ཚན་གྱི་རྒྱབ་སྐྱོར་འོག་སྨན་རྫས་གསར་པ་ཟམ་མི་ཆད་པར་གསར་སྤེལ་བྱས་ནས་སྨན་རྫས་བདེ་འཇགས་ངང་ཐོན་སྐྱེད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལོ་རེར་བོད་སྨན་སྣ་ཁ160ལྷག་ཙམ་ཐོན་སྐྱེད་བྱས་ནས་སྨན་ཁང་དེ་དང་ས་གནས་དེ་གའི་བོད་ལུགས་གསོ་རིག་གི་སྒོ་བསྟེན་སྨན་ཁང་གཞན་དག་དང་སྒོ་བསྟེན་སྨན་ཁང་བཅས་ལ་ནད་ཐོག་སྨན་བཅོས་ཀྱི་སྨན་རྫས་མཁོ་འདོན་བྱས་ནས་བདེ་ཆེན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་འཕྲོད་བསྟེན་བྱ་གཞག་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་ལ་བདེ་འཇགས་དང་ནུས་ལྡན་གྱི་སྨན་རྫས་མཁོ་འདོན་བྱས་ཡོད་པ་རེད།

བོད་སྨན་སྦྱོར་སྡེའི་ལག་རྩལ་སློབ་སྦྱོང་བྱེད་པ།

    ཤེས་རྟོགས་བྱུང་བར་གཞིགས་ན །བདེ་ཆེན་བོད་སྨན་ཁང་གི་སྨན་རྫས་སྦྱོར་ཁང་1987ལོར་བསྐྲུན་པ་དང་།བོད་སྨན་ཁང་འཛུགས་མཁན་སྤྲུལ་སྐུ་བྱང་ཚུལ་ཁྲིམས་རྒྱ་མཚོ་འགོ་བཙུགས་པ་དང་འབྲེལ་མུ་ཏིག་བདུན་ཅུ་དང་མུ་ཏིག་ཉེར་ལྔ་སོགས་རྩ་ཆེའི་སྨན་རྫས་56གྲུབ་འབྲས་ཐོབ་པའི་ངང་ཞིབ་བཟོ་དང་ཐོན་སྐྱེད་བྱས་ནས་བདེ་ཆེན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྨན་རྫས་སྦྱོར་རྟ་བྱེད་འགོ་བཙུགས་པ་རེད།1998ལོར་སྨན་ཁང་གི་སྨན་སྦྱོར་ཁང་ལ《སྨན་བཅོས་སྒྲིག་གཞིའི་སྨན་རྫས་སྦྱོར་འཐུས་ལག་ཁྱེར》ཐོབ་པ་དང་།2005ལོར་སྨན་རྫས་སྦྱོར་ཁང་གིས་ཐོན་སྐྱེད་བྱས་པའི་སྨན་རྫས་ལ་བོད་སྨན་སྒོ་རའི་ནང་གི་སྨན་རྫས་སྦྱོར་རྟ་82ཀྱི་ཆོག་མཆན་ཡིག་ཨང་ཐོབ་པ་དང་།2016ལོར་སྨན་བཅོས་སྒྲིག་གཞིའི་སྨན་རྫས་ཀྱི་ཆོག་མཆན་34ཐོབ་པ་རེད།

    བདེ་ཆེན་ཁུལ་བོད་སྨན་ཁང་གནས་སྤོ་བྱས་རྗེས་ཀྱི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་ཐེབས་པ་དང་བོད་སྨན་འཕེལ་རྒྱས་ལ་དེ་བས་ལེགས་པའི་ཆ་རྐྱེན་བཏོད་ཡོད།སྨན་ཁང་གི་ལས་སྣོན་སྨན་རྫས་ཁང་གིས་སྲོལ་རྒྱུན་གྱི་སྨན་རྫས་ཐོན་སྐྱེད་རྒྱུན་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་བོད་སྨན་སྒོ་རའི་ནང་གི་སྨན་རྫས་སྦྱོར་རྟ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་གསར་དུ་བསྐྲུན་པའི་སྨན་རྫས་འཁོར་ཁང་དང་མཛོད་ཉར་མཁྲེགས་ཆས་སྒྲིག་ཆས་ཚང་མ་GPPཡི་ཚད་གཞིར་སླེབས་པ་བྱས་ནས་སྨན་རྫས་སྦྱོར་བཟོ་པུའུ་དང་སྤུས་བཤེར་པུའུ་སྡེ་ཚན་གཉིས་ཀྱིས་སྨན་རྫས་བདེ་འཇགས་ཐོན་སྐྱེད་ལ་དོ་དམ་དང་འཁོར་སྐྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད་པ་རེད།

བོད་སྨན་སྦྱོར་སྡེའི་ལག་རྩལ་སློབ་སྦྱོང་བྱེད་པ

    བདེ་ཆེན་ཁུལ་བོད་སྨན་ཁང་གིས་ཁྲིམས་བཟོའི་རྣམ་པའི་ཐོག་ནས་བོད་ལུགས་གསོ་རིག་དང་བོད་སྨན་དང་དེ་བཞིན་མ་བཅོས་རྒྱུ་ཆ་སྲུང་སྐྱོང་ལ་སྐུལ་འདེད་བཏང་བ།《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་སྲོལ་ཡིག》2018ལོའི་ཟླ་12པའི་ཚེས་28ཉིན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བ་དང་།2019ལོའི་ཟླ་5པའི་ཚེས་16ཉིན་ཡུན་ནན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པའི་ཐོག་ཆོག་མཆན་གནང་བ།  ཟླ་9པའི་ཚེས་1ཉིན་དངོས་སུ་ལག་བསྟར་བྱེད་པ་རེད།《སྲོལ་ཡིག》དེར་ཁྱོན་ལེའུ་བདུན་དང་དོན་ཚན་ང་གཉིས་ཡོད་པ་དང་།བོད་ལུགས་གསོ་རིག་གི་ཞབས་ཞུ་དང་།བོད་སྨན་སྲུང་སྐྱོང་དང་འཕེལ་རྒྱས།བོད་ལུགས་གསོ་རིག་དང་བོད་སྨན་གྱི་སློབ་གསོ་དང་ཚན་ཞིབ།བོད་ལུགས་གསོ་རིག་དང་བོད་སྨན་གྱི་འགན་སྲུང་དང་རྒྱུན་འཛིན་སོགས་ཐད་ཀྱི་ནང་དོན་ཁ་གསལ་བཏོན་ཡོད་པས་རང་ཁུལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་བཅའ་ཁྲིམས་ཀྱི་འགན་ལེན་བྱས་ཡོད།

ཐུམ་སྒྲིལ་སྨན་རྫས།