བྱེའུ་ཁྲ་མཇུག་དཀར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    བྱེའུ་ཁྲ་མཇུག་དཀར་ནི་བྱ་རྒོད་གཟུགས་ཀྱི་ཁྲ་ཚན་ལ་གཏོགས་པ་དང་། དེའི་རིང་ཚད་ལ་ལི་སྨི་50ཙམ་ཡོད་པ་དང་། གཤོག་བརྐྱངས་ན་ལི་སྨི་100ཙམ་ཡོད་པའི་བྱ་དམར་ཆེན་འབྲིང་བར་གཏོགས། བྱ་ཕོ་ཡི་ལུས་སྟོད་དུ་ཁ་དོག་སྐྱ་བོ་དང་། མགོ་དང་བྲང་ཅུང་ནག་པོ་དང་། གཤོག་པའི་རྩེ་ནག་པོ་དང་། རྔ་མའི་སྟེང་དུ་སྤུ་མདོག་དཀར་པོ། གསུས་པ་དང་མཆན་གཉིས།གཤོག་པའི་འོག་ཏུ་སྒྲོ་དཀར་པོ། ལྡིང་སྐོར་བྱེད་པའི་སྐབས་སུ། སྟེང་ནས་བལྟས་ན། ཁ་དོག་སྔོ་སྐྱའི་སྟོད་དང་། སྐེད་པ་དཀར་པོ་དང་། གཤོག་ནག་གི་རྩེ་བཅས་གསུམ་བསྡུར་གསལ་བོར་གྲུབ་ཡོད། འོག་རིམ་ནས་བལྟས་ན། དཀར་བོའི་འོག་གཟུགས་ནི་ཅུང་ནག་པའི་བྲང་དང་ནག་པའི་གཤོག་རྩེ་གཉིས་ཀྱིས་ཀྱང་ཁྱད་པར་མངོན་གསལ་ཞིག་གྲུབ་ཡོད། བྱ་མོ་ཡི་ལུས་སྟོད་དུ་ཁ་དོག་སྨུག་པོ། རྔ་མའི་སྟེང་དུ་སྒྲོ་དཀར་པོ། རྒྱུན་དུ་ས་ངོས་ནས་མཁའ་དབྱིངས་དམའ་པོར་འཕུར་སྐྱོད་བྱེད་པ་དང་།གཡེང་འཕུར་བྱེད་དུས་གཤོག་པ་གཉིས་ཀྱི་སྟེང་ནས་“V”དབྱིབས་སུ་བཏེགས་པ་མ་ཟད།ཡང་ཡང་འགུལ་གྱི་ཡོད།

    སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་བྱེའུ་ཁྲ་མཇུག་དཀར་ནི་གནས་སྤོའི་རིང་མཐོང་དཀོན་པའི་དགུན་བྱ་དང་རྒྱལ་མཚམས་བརྒལ་བའི་བྱ་ཡིན།