ཏན་སྤྲེའུ་སྤུ་སེར་ཁང་ཁང་གི་ད་ཚུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-12   རྩོམ་ཁུངས།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།


    ཡུན་ནན་གྱི་སྤྲེའུ་སྤུ་སེར་ནི་ཀྲུང་གོ་ཁོ་ནར་ཡོད་པའི་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་སྲོག་ཆགས་ཤིག་ཡིན་ཞིང་།རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་ཤིག་ཡིན། 2019ལོའི་ཟླ་4པའི་ཟླ་མཇུག་ཏུ།ཡུན་ནན་པད་མ་གངས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་མྱུར་སྐྱོབ་ས་ཚིགས་ཀྱིས་དོར་བའི་ཡུན་ནན་གྱི་སྤྲེའུ་སྤུ་སེར་ཕྲུ་གུར་མྱུར་སྐྱོབ་བྱེད་པ་དང་། མིང་ལ་ཁང་ཁང་བཏགས་པ་རེད། ལས་དོན་མི་སྣས་མི་ཐབས་ལ་བརྟེན་ནས་འོ་མ་སྟེར་སྟངས་ལ་བརྟེན་ནས་གསོ་ཚགས་བྱས་པ་དང་ཡུན་ནན་གྱི་སྤྲེའུ་སྤུ་སེར་ཕྲུ་གུ་བདེ་ཐང་ངང་འཚར་ལོངས་བྱུང་ཞིང་།ད་ཆ་སྤྲེའུ་ཁང་ཁང་ལོ་གཅིག་དང་ཟླ་བ་བརྒྱད་ལ་སླེབས་ཡོད།ལས་དོན་མི་སྣའི་རོགས་རམ་འོག་རྒོད་འགྱུར་སྦྱོང་བརྡར་བྱེད་འགོ་ཚུགས་ཡོད།