ཉེན་རྟོག་པའི་དུས་ཆེན་བསུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་1པོའི་ཚེས་10ཉིན་བདེ་ཆེན་ཁུལ་སྤྱི་བདེ་ཅུས་ཀྱིས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་སྐབས་དང་པོར་རྟེན་འབྲེལ་གཟབ་རྒྱས་ཞུས་ཤིང་། རྟེན་འབྲེལ་བྱེད་སྒོ་དེ་གཟི་བརྗིད་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོའི་ཐོག་འགོ་ཚུགས་ཏེ་ས་མཐོའི་ཉི་འོད་ཐོག་མ་མདུན་ནས་གསེར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་བསྒྲེངས་ཡོད། རྒྱལ་དར་སྒྲེང་བའི་མཛད་སྒོ་མཇུག་འགྲིལ་རྗེས་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་ཉེན་བརྡ་གཏོང་བའི་གླུ་གཞས་དང་བསྟུན་ནས་དར་ཆ་སྒྲེང་མཁན་ཚོས་གོམ་སྟབས་བརྟན་པོ་སྤོས་ནས་མདུན་དུ་བསྐྱོད་དེ་དམངས་ལས་རོགས་པའི་ཉེན་རྟོག་པ་ཚང་མས་རུ་སྟར་བསྒྲིགས་པ་དང་ཉེན་རྟོག་པར་གུས་འདུད་ཞུས་པ་རེད། ལྷབ་ལྷུབ་ཏུ་གཡོ་བའི་ཉེན་རྟོག་པའི་དར་ཆའི་འོག་ཝུའུ་ཞུའེ་ཀྲུའུ་ཡིས་དམངས་རོགས་ཉེན་རྟོག་པ་ཡོངས་ཀྱིས་གཡས་ཀྱི་ཁུ་ཚུར་མཐོན་པོར་བསྒྲེངས་ནས་མགྲིན་གཅིག་ཏུ་དམ་བཅའ་བཞག་སྟེ་སྐད་གསང་མཐོན་པོའི་སྒོ་ནས་དམ་བཅའ་འཇོག་པའི་སྒྲ་ཐང་ཆེན་དུ་གྲགས།

    ཁུལ་དཔོན་གཞོན་པ་དང་། ཁུལ་སྤྱི་བདེ་ཅུས་ཏང་ཨུ་ཧྲུའུ་ཅི། ཅུས་ཀྲང་བཅས་ཡིན་པའི་ཝུའུ་ཞུའེ་ཀྲུའུ་ཅུས་ཏང་ཨུའི་ཚབ་ཞུས་ནས་ཁུལ་ཡོངས་ཀྱི་དམངས་རོགས་ཉེན་རྟོག་པར་དུས་ཆེན་གྱི་འཚམས་འདྲི་ཞུས་པ་རེད། ཁོང་གིས་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་བཙུགས་པ་དེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་མི་དམངས་མང་ཚོགས་ཀྱིས་མི་དམངས་ཉེན་རྟོག་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་མངགས་བཅོལ་ཟབ་མོ་བྱས་པ་དེ་ཐོག་ནས་རྒྱ་ཆེའི་མི་དམངས་ཉེན་རྟོག་པའི་ལས་རིགས་ཀྱི་གཟི་བརྗིད་བསམ་པ་དང་། སྤོབས་སེམས་བྱེད་སེམས། ཁོངས་གཏོགས་བསམ་པ་བཅས་སྔར་བས་ཟབ་ཏུ་ཕྱིན་པ་དང་། ཉེན་རྟོག་ཡོངས་ཀྱིས་འགན་ཁུར་ཕོད་པའི་སྙིང་སྟོབས་ལ་བརྟེན་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་ལས་འགན་ཡག་པོ་བསྒྲུབ་རྒྱུའི་ལྕག་སྐུལ་ཐེབས་ཡོད་ཅེས་གསུངས་པ་རེད། ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་། རྒྱ་ཆེའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་ལས་དོན་གཞོགས་འདེགས་མི་སྣ་བཅས་ཀྱིས་ཞི་ཅིན་ཕིང་ཁྲིམས་སྐྱོང་གི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྤྱི་བདེའི་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་།མི་དམངས་ཉེན་རྟོག་པའི་དར་ཆ་དང་དར་ཆ་སྤྲོད་པའི་མཛད་སྒོའི་ཐོག་གནང་བའི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས། ཏང་གིས་སྤྱི་བདེའི་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་གཡོ་འགུལ་སྤུ་ཙམ་མེད་པར་མཐའ་འཁྱོངས་བྱས་ནས་འདུ་ཤེས་བཞི་ཟབ་ཏུ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ།སྲུང་སྐྱོང་གཉིས་བྱེད་ཐུབ་པ་བཅས་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས།