ཁྲུང་ཁྲུང་སྐྱ་མོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཁྲུང་ཁྲུང་སྐྱ་མོ་ནི་ཁྲུང་ཁྲུང་དབྱིབས་ཀྱི་ཁྲུང་ཁྲུང་གི་ཚན་དུ་གཏོགས་ཤིང་།དེའི་རིང་ཚད་ལ་ལི་སྨི་110དང་།མཐོ་ཚད་ལ་ལི་སྨི་130ཙམ་ཡོད། ཁྲུང་ཁྲུང་གི་ཁ་ངོས་ནག་པོ་དང་དཀྱིལ་དམར་པོ།མགོ་དང་སྐེ་སྐྱ་མདོག་ཡིན་པ་རེད། ལུས་ཀྱི་སྒྲོ་ལ་མདོག་སྐྱ་བོ་ཡོད།རྒྱབ་ཕྱོགས་དང་རིང་ལ་སྟུག་པའི་རིམ་པ་གསུམ་པའི་འཕུར་སྒྲོ་ནི་མདོག་སྨུག་པོ་ཡིན། དམའ་རིམ་འཕུར་སྒྲོ་དང་།རིམ་ཞན་འཕུར་སྒྲོ་ཚང་མ་ནི་སྨུག་སྐྱའི་མདོག་ཡིན།

    ཁྲུང་ཁྲུང་སྐྱ་མོ་ནི་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེན་པོའི་བྱང་ཕྱོགས་ཀྱི་འཕྲེད་ཐིག་མཐོ་བའི་ས་ཁུལ་དུ་རྒྱུད་སྤེལ་བ་དང་།ཀྲུང་གོའི་ལྷོ་རྒྱུད་དུ་དགུན་སྐྱེལ་གྱི་ཡོད།ཁྲུང་ཁྲུང་སྐྱ་མོ་ནི་བདེ་ཐང་དང་།རྩྭ་ཐང་།འདམ་རྫབ།གྲམ་ཁ།ཐང་ཆེན།མཚེའུ།དེ་བཞིན་ཞིང་ཁའི་ཁུལ་བཅས་སུ་འཚོ་ཞིང་།ལྷག་པར་དུ་ཆུ་འགྲམ་གྱི་རྩི་ཤིང་གིས་ཕྱུག་པའི་མཚེའུ་དང་འདམ་རར་འཚོ་སྡོད་བྱེད་ཀྱི་ཡོད།ཁྱུ་ཚོགས་མང་པོའི་བྱེད་སྒོ་དང་ལྟོ་འཚོལ་སྐབས་ཚོགས་སྤྱི་ཅུང་ཁ་ཐོར་ཡིན། ཁྲུང་ཁྲུང་སྐྱ་མོས་ནགས་ཕག་མཚོ་རུ་དགུན་སྐྱེལ་སྐབས་ཁྲུང་ཁྲུང་མཇིང་ནག་དང་ཁྲུང་ཁྲུང་མགོ་ཁྲ་དང་ཁྱུ་འདྲེས་ནས་སྡོད་ཀྱི་ཡོད།མཚན་མོ་ཞག་སྡོད་དང་།ལྟོ་འཚོལ་བ།ངལ་གསོ་བཅས་བྱེད་ཀྱི་ཡོད་མོད།འོན་ཀྱང་དེའི་ཚོགས་སྤྱི་བལྟོས་བཅས་ཀྱིས་རང་ཚུགས་ཐུབ་པ་དང་བཟའ་བཅའ་གཙོ་བོ་རྩི་ཤིང་ཡིན་པ་མ་ཟད།དུང་དང་ཉ་ཆུང་མཉམ་དུ་ཟ་གི་ཡོད།ཁྲུང་ཁྲུང་སྐྱ་མོ་ནི་སེམས་ཀྱི་ཉི་ཟླའི་ས་མཐོའི་འདམ་རར་རྒྱུན་དུ་མཐོང་རྒྱུ་དཀོན་པའི་དགུན་དུས་བྱ་རིགས་ཤིག་ཡིན་པ་རེད།