སྲིད་གྲོས་ཨུ་ཡོན་གྱིས་བདེ་ཆེན་གྱི་འཕེལ་རྒྱས་ལ་བཏོན་པའི་རེ་བ།༼ ༢ ༽

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སྲིད་གྲོས་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པ་འགོ་ཚུགས་པ་དང་ཆབས་ཅིག    ཚོགས་འདུར་ཞུགས་མཁན་གྱི་ཨུ་ཡོན་ཚོས་བློ་སེམས་གཅིག་མཐུན་དང་ཐུན་མོང་ཐོག་གྲོས་མོལ་བྱེད་པའི་འགན་འཁྲི་འཁུར་ནས་འཕེལ་རྒྱས་ཀྱི་ཇུས་ཆེན་གླེང་བ་དང་།  ལྷག་བསམ་གྱིས་ཐབས་ཇུས་འདོན་པ།   སེམས་ལ་དམངས་ཀྱི་འདོད་པ་བཅང་ནས་འབད་འབུངས་མདུན་སྐྱོད་བཅས་བྱེད་དགོས་པའི་སྙིང་གཏམ་གླེང་ཡོད།    

    སྲིད་གྲོས་ཨུ་ཡོན་ཧྲི་ཁྲུན་མིང་གིས་ཉེ་བའི་ལོ་ཤས་རིང་བདེ་ཆེན་གྱི་དཔལ་འབྱོར་དམིགས་ཚད་མཐོ་རུ་ཤུགས་ཆེན་ཕྱིན་པ་དང་།དབུལ་སྒྲོལ་འགག་སྒྲོལ་ཐད་ལའང་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ།གྲོང་ཁྱེར་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ།བཟོ་བཀོད་ལ་ཁྱད་ཆོས་ལྡན་པ།གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ།གྲོང་ཚོ་ཁག་ཚང་མར་ཨར་འདམ་ལམ་ཤར་གཏོང་ཐུབ་པ་བཅས་བྱུང་ཡོད། སྐྱེ་ཁམས་དཔལ་ཡོན་གྱི་ཕྱོགས་སུའང་ལེགས་བཅོས་ཆེན་པོ་ཐོབ་ཡོད་པ་དང་།ནགས་ཚལ་ཁེབས་ཚད་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད།ཁུལ་སྲིད་གཞུང་གིས་སྣོད་བཅུད་ཤེས་དཔལ་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་དང་།ཁྱད་ལྡན་གྲོང་བརྡལ་གསར་འཛུགས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། ནགས་ཕག་མཚོའི་ཁོར་ཡུག་སྤུས་ཚད་སྔར་ལས་ཇེ་བཟང་དུ་གཏོང་རྒྱུ་ཐད་བསམ་འཆར་བཏོན།

    སྲིད་གྲོས་ཨུ་ཡོན་སུན་ཅན་ཀྲུང་གིས་སྙན་ཞུའི་ནང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སློབ་གསོའི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་གང་ལེགས་མཚོན་པ་དང་།ཉེ་བའི་ལོ་ཤས་རིང་།ཁུལ་ཡོངས་ཀྱི་ལུས་རྩལ་བྱ་གཞག་ལ་འཕེལ་རྒྱས་མྱུར་པོ་བྱུང་ནས་མི་རེར་ཆ་སྙོམས་ལུས་རྩལ་ཐང་རྒྱ་ཁྱོན་སྨི་ངོས་གྲུ་2.97ཟིན་པ་ཡོད་པ་དེ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། རྗེས་ཕྱོགས་རང་ཁུལ་གྱིས་མུ་མཐུད་དུ་ལུས་རྩལ་འཕེལ་རྒྱས་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་རོགས་ཞེས་རེ་བ་བཏོན་པ་རེད།

    སྲིད་གྲོས་ཨུ་ཡོན་ཐང་ཝུན་ཚན་གྱིས་གྲོང་གསེབ་ཏུ་ཚད་གཞི་མི་འདྲ་བའི་བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གནས་ཡོད་པ་དེ་གཙོ་བོ་གྲོང་གསེབ་ཀྱི་བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་སྟོབས་ཤུགས་ཞན་པ་དང་།སྒྲིག་སྲོལ་དོན་འཁྱོལ་ཡག་པོ་བྱུང་མེད་པ།ལམ་སྲོལ་འཐུས་ཚང་བྱུང་མེད་པ།རྨང་གཞིའི་ལྟ་སྐུལ་དོ་དམ་མི་སྣ་མི་འདང་བ་བཅས་ཀྱི་ཐོག་ནས་མངོན་གྱི་ཡོད།གྲོང་གསེབ་ཀྱི་བཟའ་བཅའི་ཁྲོམ་རའི་ལྟ་སྐུལ་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དང་།ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།བཟའ་བཅའི་བདེ་འཇགས་ཐད་ཀྱི་ངོས་འཛིན་མཐོ་རུ་གཏོང་རྒྱུ།བཟའ་བཅའི་བདེ་འཇགས་ཐད་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།བྱེད་པོའི་འགན་འཁྲི་ནན་པོ་བཟོ་རྒྱུ།བཟའ་བཅའི་བདེ་འཇགས་དོ་དམ་ལམ་ལུགས་འཛུགས་རྒྱུ་བཅས་ཀྱི་ཐད་བསམ་འཆར་བཏོན་པ།

    སྲིད་གྲོས་ཨུ་ཡོན་བསོད་ནམས་དཔལ་གཡང་གིས་གཅིག་ནས་དུས་ནུས་རང་བཞིན་གྱི་དཔྱད་ཞིབ་ལམ་སྲོལ་འཛུགས་རྒྱུ་དང་།དཔྱད་ཞིབ་བྱེད་སྐབས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་ཕུད་པའི་སྤྱི་ཚོགས་དེའི་ཁྱབ་ཁོངས་ཀྱི་སྡེ་ཚན་གཞན་པའང་ནང་དུ་ཞུགས་ཆོག་པ་ཞིག་ཡིན་དགོས། གཉིས་ནས“དཀར་པོ་བཀག་སྡོམ་བྱེད་པའི”བྱེད་སྒོར་མུ་མཐུད་སྐུལ་འདེད་བཏང་ནས་གྲོང་མིའི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དང་།དབྱེ་འབྱེད་མི་ཐུབ་པའི་འགྱིག་ཤོག་སྤྱོད་རྒྱུ་གཏན་འགོག་བྱེད་དགོས། གསུམ་ནི་སྲིད་གཞུང་གིས་དམངས་གཉེར་ཁེ་ལས་ལ་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

    སྲིད་གྲོས་ཨུ་ཡོན་ཧོ་ཅ་ཧྭ་ཡིས་དར་རྒྱས་ཆེ་བའི་ས་ཁུལ་གྱིས་ཚན་རྩལ་ཐད་མ་དངུལ་བཏང་བ་དེ་རྗེས་ལུས་ཀྱི་ས་ཁུལ་ལས་ཧ་ཅང་གིས་མཐོ་བ་ཡོད།དེའི་ཐོག་ནས་ཇི་ཙམ་དར་རྒྱས་ཆེ་བའི་ས་ཁུལ་གྱིས་དེ་ཙམ་གྱིས་ཚན་རྩལ་ལ་མཐོང་ཆེན་བྱེད་པ་མཚོན་པ་དང་།ས་ཁུལ་ཞིག་འཕེལ་རྒྱས་གཏོང་བར་ཚན་རྩལ་གྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད།ཚན་རྩལ་ཐད་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་རྒྱུ་དང་།ཁྱད་པར་དུ་ཞིབ་འཇུག་གསར་སྤེལ་ཐད་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་རྒྱུ།སྒྲིག་གཞི་བསྒྱུར་བཅོས་བྱས་ནས་ཚན་རྩལ་ཅུས་དེ་ཞིང་འབྲོག་ཅུས་དང་ཟླ་སྒྲིལ་བཏང་རྗེས་གཞི་རིམ་ཚན་རྩལ་ཅུས་གཞི་རྩའི་ཆ་ནས་ལས་ནུས་ཤོར་བའི་གནས་སུ་གྱར་བས་ཚན་རིག་ལག་རྩལ་གྱི་ལས་ཁུངས་གཅིག་རང་བཙུགས་པའམ་ཡང་ན་ཉུང་མཐར་ཡང་གཏན་འཇགས་དང་བརྟན་པོ་ཡིན་པའི་མི་སྣ་རྣམས་ལ་ཚན་རྩལ་གྱི་ལས་ཀ་བྱེད་དུ་འཇུག་དགོས།རང་ཁུལ་གྱི་འཕེལ་རྒྱས་དང་མི་འཚམ་པའི་ཚན་རྩལ་སྐོར་གྱི་སྲིད་ཇུས་དང་ཁྲིམས་སྲོལ་གཙང་བཤེར་བྱ་རྒྱུའི་སོགས་ཀྱི་བསམ་འཆར་བཏོན།

    སྲིད་གྲོས་ཨུ་ཡོན་དབང་འདུས་ཀྱིས་སྙན་ཞུ་ལས་ཕྱིར་མིག་ལྟ་བའི་དེ་སྔའི་ལས་དོན་ཁྱོན་ཡོངས་ནས་འཕྱུགས་མེད་དང་དོན་དངོས་དང་མཐུན་ཞིང་ཞིབ་ཕྲ་ཡིན་པ་དང་།ལོ་གསར་པའི་ལས་དོན་བཀོད་སྒྲིག་བྱེད་པའི་གཙོ་གནད་མངོན་གསལ་དོད་པ་དང་།དངོས་ཐོག་བདེན་འཚོལ་བྱེད་པ།བྱ་ཐབས་ནུས་ལྡན་བཅས་ཡོད་པས་རྦད་དེ་མོས་མཐུན་ཡོད་ཅེས་གསུངས།གཅིག་ནས་རྣམ་གྲངས་འཆར་འགོད་ཐད་ཁུལ་རིམ་པའི་ངོས་ནས་འཇོལ་རྫོང་གྲོང་གི་གནས་སྤོའི་རྣམ་གྲངས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་རྣམ་གྲངས་སྔ་ཙམ་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།གཉིས་ནི་ཁུལ་སྲིད་གྲོས་ཀྱིས་རྫོང་རིམ་པའི་སྲིད་གྲོས་ལས་ཁུངས་ལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་རོགས་ཞེས་བསམ་འཆར་བཏོན།