བྱ་ཁྲ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    བྱ་ཁྲ་ནི་བྱ་ཁྲ་དབྱིབས་བྱ་ཁྲ་ཚན་གྱི་བྱ་རྒོད་འབྲིང་གྲས་ཞིག་ཡིན་པ་དང་། གཟུགས་པོའི་རིང་ཚད་ལ་ལི་སྨི་41-50ཡོད། གཤོག་པ་རིང་ཞིང་རྩེ་མོ་རྣོ་བ།མིག་གི་མཐའ་སེར་བ།འགྲམ་ངོས་རྩུབ་ཅིང་ཐུར་དུ་དཔྱངས་པའི་སྤུ་ནག་པོ་ཞིག་ཡོད།མགོ་བོ་རྒྱབ་ཀྱི་སྐེ་ནག་པོ་དང་།གཞན་པའི་སྟེང་དུ་ཁ་དོག་སྔོ་སྐྱ།རྔ་མའི་སྟེང་དུ་འཕྲེད་ཐག་ནག་པོ་འགའ་ཡོད། འོག་གི་མདོག་དཀར་པོ་དང་བྲང་སྟེང་དུ་ཁྲ་ཐིག་ནག་པོ་ཡོད།བྲང་འོག་ནས་མཇུག་མའི་བར་དུ་སྒྲོ་ནག་གི་འཕྲེད་ཐིག་བཀབ་ཡོད། འཕུར་སྐྱོད་བྱེད་སྐབས་གཤོག་པའི་འོག་དང་རྔ་མའི་འོག་ཏུ་དཀར་པོ་ཡིན་པ་དང་།འཕྲེད་ཐག་དཀར་པོ་འཁྲིགས་ཡོད་པས།རྒྱུན་དུ་རྔ་པའི་གཤོག་པའི་སྟེང་དུ་ལྡིང་སྐོར་རྒྱག་པ་དང་།བར་སྣང་དུ་ལྡིང་སྐོར་རྒྱག་པ་སོགས་བྱེད་ཀྱི་ཡོད་པས།ཕྱི་རོལ་ཏུ་དབྱེ་འབྱེད་བྱེད་སླ་པོ་ཡོད། བྱ་ཁྲ་ཆུང་ངུ་ནི་སྟེང་གི་ཁ་དོག་སྨུག་ནག་དང་འོག་གི་ཁ་དོག་སེར་སྐྱ།བྲང་དང་གསུས་པར་ཁ་དོག་སྨུག་པོའི་གཞུང་རིས་ལྡན།    

    བྱ་ཁྲ་ནི་གཙོ་བོ་བྱ་རིགས་གཞན་པ་འཛིན་པར་བྱེད་པའི་འདབ་ཆགས་ཆེན་པོ་ཞིག་ཡིན།གཙོ་བོ་རི་ཁུལ་དང་།རི་མ་ཐང་།བྱེ་ཐང་ཕྱེད་ཙམ།འདམ་རྫབ་དང་མཚེའུ་འགྲམ་རྒྱུད་བཅས་སུ་འཚོ་བ་དང་།ཡང་ཡངས་ཤིང་རྒྱ་ཆེ་བའི་ཞིང་ཁ་དང་།རྨོ་ཞིང་།གྲོང་སྡེའི་ཉེ་འགྲམ་དུ་འགུལ་སྐྱོད་བྱེད་པར་འགྲོ་གི་ཡོད།རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་ཁོངས་སུ་གཏོགས།སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་བྱ་ཁྲ་ནི་དགུན་སྐྱེལ་བྱ་ཡིན་པ་རེད།