སྲིད་གྲོས་ཨུ་ཡོན་གྱིས་བདེ་ཆེན་གྱི་འཕེལ་རྒྱས་ལ་བཏོན་པའི་རེ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སྲིད་གྲོས་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པ་འགོ་ཚུགས་པ་དང་ཆབས་ཅིག    ཚོགས་འདུར་ཞུགས་མཁན་གྱི་ཨུ་ཡོན་ཚོས་བློ་སེམས་གཅིག་མཐུན་དང་ཐུན་མོང་ཐོག་གྲོས་མོལ་བྱེད་པའི་འགན་འཁྲི་འཁུར་ནས་འཕེལ་རྒྱས་ཀྱི་ཇུས་ཆེན་གླེང་བ་དང་།  ལྷག་བསམ་གྱིས་ཐབས་ཇུས་འདོན་པ།   སེམས་ལ་དམངས་ཀྱི་འདོད་པ་བཅང་ནས་འབད་འབུངས་མདུན་སྐྱོད་བཅས་བྱེད་དགོས་པའི་སྙིང་གཏམ་གླེང་ཡོད། 

  

    ཨུ་ཡོན་ངག་དབང་བསྟན་འཛིན་ཡེ་ཤེས་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་ནི་བོད་རིག་གནས་ཀྱི་གཅེས་ནོར་ཡིན།  དེ་ལ་ལོ་རྒྱུས་ཡུན་རིང་དང་ཐུན་མོང་མ་ཡིན་པའི་ས་གནས་ཀྱི་ཁྱད་ཆོས་ལྡན། གཅོང་ནད་དང་ས་མཐོའི་ནད་སོགས་བཅོས་པ་ལ་ནུས་པ་གལ་ཆེན་འདོན་ཡོད་པས།  བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་ལ་རྟོག་ཞིབ་བྱེད་ཤུགས་ཆེར་གཏོང་བ་དང་མི་རིགས་རིག་གནས་ཀྱི་སློབ་གསོ་བྱེད་ཤུགས་ཆེར་གཏོང་བ། མི་རིགས་ཀྱི་སྐད་དང་ཡི་གེའི་རྒྱུན་འཛིན་བྱེད་ཤུགས་ཆེར་གཏོང་དགོས་ཞེས་པའི་བསམ་འཆར་བཏོན།

    ཨུ་ཡོན་ཀྲང་གོ་ཧྭས་ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་ཡི་གསུང་བཤད་དང་སྙན་ཞུ་གཉིས་ལ་ཉན་རྗེས་སེམས་འགུལ་ཆེན་པོ་ཐེབས་བྱུང་།སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་རང་ཉིད་ཀྱི་འགན་འཁྲི་སྒྲུབ་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས་པ་དང་འགན་འཁྲི་སྒྲུབ་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི་གྲོས་མོལ་དང་།སྲིད་དོན་གྲོས་མོལ།གཤིས་སྤྱོད་བཟང་པོ་བཅས་ལ་སྣང་ཆེན་བྱེད་དགོས་པའི་མྱོང་ཚོར་ཟབ་མོ་ཐེབས་བྱུང་། བསྟུད་མར་སྐབས་འགའི་སྲིད་གྲོས་ཨུ་ཡོན་ཡིན་པའི་ཆ་ནས། ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དངོས་གཉེར་ཡིན་ལ། བཀྲག་མདངས་འཚེར་ས་མང་བ་དང་།བསམ་ཕྱོགས་གསལ་བ།སྔོན་ཆད་དང་ཁྱད་པར་ཆེན་པོ་ཡོད་ཅིང་།ལྷག་པར་དུ་སྲོག་ཤིང་སྲུང་སྐྱོང་དང་།ལྟེ་བར་དམིགས་པ།མི་སེམས་གོང་བུར་འགྲིལ་བ།སེམས་པ་མཉམ་སྒྲིལ།ཐོག་མའི་བསམ་འདུན་མ་བརྗེད་བཅས་ཕྱོགས་ལྔའི་ཐད་ནས་སྲིད་གྲོས་ཀྱི་ལས་དོན་མངོན་པ་དང་།སྲིད་གྲོས་ཀྱི་བྱས་རྗེས་དང་སྲིད་གྲོས་ཀྱི་བརྩེ་སེམས་མཚོན་པ།སྲིད་གྲོས་ཀྱི་དྲང་ནུས་བརྒྱུད་སྤྲོད་བྱས་པས་སྲིད་གྲོས་ཀྱི་གཟུགས་བརྙན་གསར་པ་མངོན་ཡོད། 

  

    ཨུ་ཡོན་ཝང་ཙི་ཁྲུན་གྱིས་མཐོ་རིམ་སློབ་འབྲིང་གི་དགེ་རྒན་ཞིག་བྱས་ན་རིམ་པ་ཁག་གི་འགོ་ཁྲིད་དག་གིས་མཐོ་འབྲིང་སློབ་གསོ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེན་པོ་ཞུས། ཉེ་བའི་ལོ་ཤས་རིང་མང་ཚོགས་ཀྱིས་མཐོ་འབྲིང་སློབ་གསོ་ལ་དོ་ཁུར་བྱེད་ཚད་རིམ་བཞིན་མཐོན་པོ་ཕྱིན་པ་དང་། མཐོ་འབྲིང་དགེ་རྒན་གྱི་གནོན་ཤུགས་རིམ་བཞིན་ཆེར་ཕྱིན་ཡོད།  ཀྲུའུ་ཞིའི་སྙན་སེང་ཁྲོད་རང་ཁུལ་གྱིས་གཞུང་བཙུགས་དམངས་གཉེར་གྱི་ཚོད་ལྟ་མཐོ་འབྲིང་ཞིག་འཛུགས་རྒྱུའི་གྲོས་དོན་བཏོན་ཡོད་ལ། རང་ཁུལ་གྱི་མཐོ་འབྲིང་ལ་མཚོན་ན་ཁ་གསབ་ཡག་པོ་ཞིག་ཡིན་མོད། མང་ཚོགས་ཀྱིས་མཐོ་འབྲིང་ཁོ་ན་ལ་དོ་ཁུར་བྱེད་མི་འོས་ལ།  སློང་ཆུང་དང་དམའ་འབྲིང་ཡང་གལ་འགངས་ཆེན་པོ་ཡིན། ལས་རིགས་སོ་སོའི་ཨུ་ཡོན་དང་འགོ་ཁྲིད་དག་གིས་སློབ་ཆུང་དང་དམའ་འབྲིང་གི་སློབ་གསོ་ལ་མཐོང་ཆེན་གནང་དགོས་པ་དང་། སློབ་ཆུང་དང་དམའ་འབྲིང་གི་དམངས་གཉེར་སློབ་གྲྭ་ཡང་འཛུགས་ཆོག་པའི་བསམ་འཆར་བཏོན།     

    ཨུ་ཡོན་ཁྲེན་ཀོང་ཧྥུན་གྱིས་གཅིག་གནས་གཞི་རིམ་གྱི་ཞབས་ཞུ་འདུ་ཤེས་ཟབ་ཏུ་བཏང་ནས་གཞི་རིམ་གྱི་ཞབས་ཞུ་ཆུ་ཚད་གོང་དུ་གཏོང་དགོས། གཉིས་ནས་ཤེས་ལྡན་མི་སྣའི་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་དགོས་པ་དང་། ཤེས་ལྡན་མི་སྣའི་ལས་གཏོད་པ་ལྷག་པར་ཕ་ཡུལ་དུ་ལོག་པའི་མི་སྣ་དང་བུད་མེད་དག་གིས་ལས་གཏོད་པ་ལ་རྒྱབ་སྐྱོར་བྱེད་དེ་སྟེགས་བུ་སྐྲུན་པ་སོགས་བྱས་ནས་ཁོ་ཚོའི་ལས་གཏོད་ནུས་པ་གོང་དུ་གཏོང་བ་ལ་རོགས་རམ་བྱེད་དགོས་ཞེས་པའི་བསམ་འཆར་བཏོན།

    ཨུ་ཡོན་མཱ་གོ་ཀྲུང་གིས་སྲིད་གྲོས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་གཏོང་བའི་ལས་ཀའི་གཙོ་ཐིག་ལ་དམ་པོར་དམིགས་ནས་བརྟག་ཞིབ་རྒྱ་ཁྱབ་ཏུ་བྱེད་དགོས་པ་དང་བསམ་འཆར་གང་མང་བཏོན་ནས་བདེ་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་ལས་ཀ་ལ་སྐུལ་འདེད་གཏོང་དགོས།  ཁུལ་ཡོངས་གོང་འོག་གིས་སྡོམ་ཤུགས་ཆགས་དུ་བཅུག་དགོས་པ་དང་ངོས་འཛིན་གཅིག་མཐུན་གོང་བུར་འགྲིལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་གཏོང་བའི་ལས་ཀའི་གཙོ་ཐིག་གིས་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་མདུན་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་ཞེས་པའི་བསམ་འཆར་བཏོན།

       ཨུ་ཡོན་ཡུས་ཡུང་ཧོང་གིས་གཅིག་ནས་བརྟན་ལྷིང་དང་འཕེལ་རྒྱས།  སྐྱེ་ཁམས། མཐའ་མཚམས་བརྟན་པོ་བཅས་དོན་ཆེན་བཞི་ལ་དམ་པོ་དམིགས་ཏེ་བདེ་ཆེན་གྱི་དོན་དངོས་དང་ལས་ཀའི་གཙོ་གནད་ལ་ཟུང་འབྲེལ་བྱས་ནས་ཆེད་དོན་གྱི་བརྟག་དཔྱད་ཧུར་ཐག་སྤེལ་དགོས་པ་དང་སྲིད་བཞུགས་སྲིད་མོལ་གྱི་ནུས་པ་གང་ལེགས་འདོན་སྤེལ་བྱེད་དགོས། གཉིས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཞིང་ཨུའི་བོད་འབྲེལ་ལས་དོན་སྐོར་གྱི་ཚོགས་འདུ་ཐེངས་གསུམ་པ་སོགས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་གྲོས་གཞིའི་ལག་བསྟར་དོན་འཁྱོལ་དམ་པོ་འཛིན་དགོས།  གསུམ་ནས་སྲིད་གྲོས་ཨུ་ཡོན་དང་རིམ་ཁག་སྡེ་ཚན་ཁག་གིས་ཆུའི་ཐོན་ཁུངས་ཀྱི་སྲུང་སྐྱོང་དང་དོ་དམ་ལ་ཐུགས་ཁུར་བྱས་ནས་མཛེས་སྡུག་གི་བདེ་ཆེན་མཉམ་དུ་སྐྲུན་དགོས་ཞེས་པའི་བསམ་འཆར་བཏོན།