བདེ་ཆེན་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པ་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་1པོའི་ཚེས་9ཉིན་གྱི་སྔ་དྲོར།  བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པ་འགོ་ཚུགས།

    ཐེངས་འདིའི་ཚོགས་ཆེན་ཐོག་འཐུས་མི་248ཕེབས་དགོས་པ་དང་དངོས་སུ་འཐུས་མི་207ཕེབས་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།

    ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཝང་དབྱི་ཀྲི་དང་། ཆི་ཅན་ཞིན། ཡུས་ཧྲེང་ཞང་། ཀྲང་ཝའེ་ཏུང་། ཝང་ཡུན་སུང་། ཁྲེན་ཅུན་མིང་། ཞའོ་ཞུས།  ཞའོ་ཝུའུ། དབྱང་ཅན་ཧྭ། ཡུས་ཀུའེ་ཧྥུན། ཀྲང་ཏེ་ཧྭ། ཧོ་ཅི་ཧྥུ། ཧོ་ལི་ཅོན་བཅས་ཡོད།

    ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ལག་བསྟར་ཀྲུའུ་ཞི་ཁྲེན་ཅུན་མིང་གིས་འགོ་ཚུགས་ཚོགས་ཆེན་གཙོ་སྐྱོང་བྱས་པ་རེད།

    སྔ་དྲོའི་ཆུ་ཚོད་10པའི་ཐོག་ཚོགས་ཆེན་འགོ་ཚུགས་པ་དང་།  ཚང་མས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་ལེན་པ།

    ཁུལ་དཔོན་ཆི་ཅན་ཞིན་གྱིས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་སྲིད་གཞུང་ལས་དོན་གྱི་སྙན་སེང་ཞུས་པ་རེད།

    སྙན་སེང་ནང་བསྟན་དོན།  2020ལོར་རང་ཁུལ་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་ཏན་ཏིག་བྱས་པ་དང་ཧུར་ཐག་སྒོས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་འཇལ་བ། རྒྱུན་མཐུད་ངང་འགག་སྒྲོལ་དམག་འཐབ་གསུམ་ཡག་པོ་རྒྱབ་པ་དང་། བརྟན་ལྷིང་དྲུག་དང་འགན་ལེན་དྲུག་གི་ལས་དོན་ལ་སྐུལ་སྤེལ་ཏན་ཏིག་བྱས་པ།  ནུས་ཤུགས་ཡོད་རྒུས་བརྟན་པོའི་ངང་འཕར་བ་དང་སྒྱུར་བཅོས་ལ་སྐུལ་འདེད།གྲུབ་ཆ་ལེགས་སྒྲིག  དམངས་འཚོར་ཕན་པ། ཉེན་ཁ་སྔོན་འགོག བརྟན་ལྷིང་འགན་ལེན་བཅས་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོན་ཡོད་དེ། དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་བྱུང་བ་དང་། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་260ལེགས་སྒྲུབ་བྱུང་རྒྱུ། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་ལོ་འཁོར་གྱི་དམིགས་འབེན་ལས་འགན་གཞི་རྩའི་ཆ་ནའ་ལེགས་སྒྲུབ་བྱུང་རྒྱུ།  རིམས་ནད་སྔོན་འགོག་དང་ཚོད་འཛིན་ཏན་ཏིག་དང་ནུས་ལྡན་བྱུང་སྟེ་ནད་དཔེ་གཏན་འཁེལ་གཅིག་ཀྱང་མེད་པ་དང་དོགས་འདྲའི་ནས་དཔེ་གཅིག་ཀྱང་མེད་པ། ནད་རྟགས་མེད་པའི་ནད་དཔེ་གཅིག་ཀྱང་མེད་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མངོན་གསལ་ཐོན་ཏེ་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་31.6འཇོག་པ་དང་རིགས་སོ་སོའི་དབུལ་སྐྱོར་རྣམ་གྲངས་4427ལག་བསྟར་བྱས་པ། འབའ་ལུང་རྫོང་གི་དབུལ་ཞྭ་ཕུད་ཐུབ་པ།  རྨང་གཞིའི་སྒྲིག་བཀོད་རྒྱུན་མི་ཆད་པར་ཤུགས་ཆེར་ཕྱིན་པ། འགྲིམ་འགྲུལ་རྣམ་གྲངས་འཛུགས་སྐྲུན་མགྱོགས་དུ་གཏོང་བ་དང་གཙོ་གནད་རྣམ་གྲངས་བརྟན་པོའི་ངང་སྐུལ་སྤེལ་གཏོང་བ། ལོ་ཧྲིལ་པོར་གོང་རིམ་གྱི་ཁ་གསབ་མ་དངུལ་དང་བུན་འཛིན་མ་དངུལ་སྒོར་དུང་ཕྱུར་147བརྩོན་ལེན་བྱས་ཡོད།  ཁྱད་ལྡན་ཐོན་ལས་བརྟན་པོའི་ངང་སྐུལ་སྤེལ་གཏོང་བ། སྔོན་དཔག་བྱས་ན་ཐོན་ལས་དང་པོ་དང་གཉིས་པ།  གསུམ་པ་ཡིས་ལེགས་གྲུབ་ཀྱི་རིམ་ཐང་འཕར་མ་སོ་སོར་སྒོར་དུང་ཕྱུར་16.9་དང་དུང་ཕྱུར་101  དུང་ཕྱུར་142.1བཅས་ཡིན། སྐྱེ་ཁམས་འཛུགས་སྐྲུན་བྱེད་ཤུགས་ཆེར་གཏོང་བ།  ཁུལ་ཡོངས་ཀྱི་གྲོང་ཁུལ་གཙོ་བོའི་དྲོད་རླངསག་མཁོ་འདོན་རྣམ་གྲངས་བདེ་བླག་ངང་སྐུལ་སྤེལ་གཏོང་བཞིན་ཡོད་པ་དང་། རྩྭ་ཐང་རླན་ས་དང་གྲོང་ཁྱེར་ངོས་རི་སོགས་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་ཉམས་གསོ་བྱེད་ཚད་ཆེ་རུ་གཏོང་བ།  དུས་མཚུངས་སུ།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ལེགས་བཅོས་མངོན་གསལ་བྱུང་བ་དང་དམངས་འཚོའི་འགན་ལེན་དེ་བས་ནུས་ལྡན་ཕྱིན་པ། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་ཡིན་པ།

    སྙན་སེང་ནང་བསྟན་དོན། ལོ་ལྔ་ཚན་བཅུ་གསུམ་པའི་རིང་ནི་བདེ་ཆེན་གྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་མ་དངུལ་འཇོག་ཚད་ཆེ་ཤོས་དང་རྣམ་གྲངས་འཛུགས་སྐྲུན་མང་ཤོས།  རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་མགྱོགས་ཤོས། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཡག་ཤོས།  མང་ཚོགས་ཀྱི་ཐོབ་པའི་ཚོར་བ་དྲག་ཤོས་བཅས་ཀྱི་དུས་སྐབས་ཤིག་ཡིན་ལ།  ལོ་ལྔའི་ཚུན་དཔལ་འབྱོར་གྱི་ཕྱོགས་བསྡུས་སྟོབས་ཤུགས་སྐས་རིམ་གསར་པར་ཕྱིན་པ་དང་དབུལ་སྒྲོལ་འགག་སྒྲོལ་ལས་ཀ་ལ་རྒྱལ་ཁ་གསར་པ་ཐོབ་པ།  ཁྱད་ལྡན་ཐོན་ལས་འཛུགས་སྐྲུན་ལ་གོང་འཕེལ་གསར་པ་བྱུང་བ།  རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་བ།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་སྤེལ་གསར་པ་ཐོབ་པ།  བསྒྱུར་བཅོས་ཟབ་སྤེལ་ལ་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་འདོན་པ།  གྲོང་ཁྱེར་འཛུགས་སྐྲུན་དོ་དམ་ལ་གྲུབ་འབྲས་གསར་པ་མངོན་པ།  དམངས་འཚོ་འགན་ལེན་དང་ལེགས་བཅོས་ལ་བྱས་རྗེས་གསར་པ་མངོན་ཡོད།

     སྙན་ཞུའི་ནང་བསྟན་དོན།“ལོ་ལྔ་ཚན་བཅུ་བཞི་པའི་”རིང་།སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན།ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཞིང་ཨུའི་བོད་དང་འབྲེལ་བ་ཡོད་པའི་ལས་དོན་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ།དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ཆེན་པོ་ལག་བསྟར་བྱས་ནས། “སྣ་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་བཀོད་པ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་མི་རིགས་ལས་དོན་གྱི་བརྗོད་བྱ་གཙོ་བོ་མཐའ་འཁྱོངས་བྱས་ཏེ།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་པའི་ལས་ཀའི་གཙོ་གནད་དམ་པོར་འཛིན་པ་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་པ། བརྟན་ལྷིང་དང་།འཕེལ་རྒྱས།སྐྱེ་ཁམས་དང་མཐའ་མཚམས་བརྟན་པོ་ཡོང་བ་བཅས་ཀྱི་དོན་ཆེན་བཞི་དམ་འཛིན་ལེགས་པོ་བྱས་ནས། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་གསབ་པར་ཤུགས་རྒྱག་པ་དང་། རིག་གནས་ཡུལ་སྐོར་དང་།ས་མཐོའི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས།ལྗང་མདོག་ནུས་ཁུངས།ལྗང་མདོག་གཏེར་ལས་བཅས་ཀྱིས་གཙོ་ཁྲིད་བྱེད་པའི་དེང་རབས་ཀྱི་ཐོན་ལས་མ་ལག་འཛུགས་པར་ཤུགས་རྒྱག་པ།དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར་ཤུགས་རྒྱག་པ།ཏང་གི་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་ཤུགས་རྒྱག་པ།ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་རིག་གནས་མ་ལག་གི་གནས་སྟངས་གསར་པར་ཁྱོན་ཡོངས་ནས་འདྲེས་པར་བྱས་པ།ཡུན་ནན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་རུ་སྣེ་ལྟ་བུའི་དཔེ་བཟང་ཞིག་ཧུར་ཐག་བཏོད་དེ།ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་ཁྱབ་འགྱེད་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་བདེ་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཤུགས་རྐྱེན་ཐེབས་ཤུགས་ནུས་ལྡན་ངང་མངོན་པ་བྱས་ནས་མཐུན་སྒྲིལ་ཕྱུག་འགྱུར་ཤེས་དཔལ་དང་ཞི་མཐུན་ཞི་མཐུན་དུས་བདེ་བཅས་ཀྱི་དུས་རབས་གསར་པ་དང་བདེ་ཆེན་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ།

     སྙན་ཞུའི་ནང་། “ལོ་ལྔ་ཚན་བཅུ་བཞི་པའི་”རིང་། སྲིད་གཞུང་ལས་དོན་གྱི་འབད་འཐབ་དམིགས་འབེན་ནི། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལོ་རེར་ཆ་སྙོམས་6%ཙམ་འཕར་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་།སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་།ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོར་གཏོང་།རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་ཚང་།སྤྱི་པའི་ཞབས་ཞུ་དམངས་ཡོངས་ལ་ཁྱབ་པ།སྤྱི་ཚོགས་ཡུན་རིང་བདེ་འཁོད་སོགས་ཀྱི་གཙོ་གནད་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་2025ལོར་སླེབས་སྐབས་མཐུན་སྒྲིལ་དང་།འབྱོར་ཕྱུགཤེས་དཔལ།མཛེས་སྡུགཞི་མཐུན་བཅས་ཀྱི་དུས་རབས་གསར་པ་དང་བདེ་ཆེན་གསར་པ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་རྒྱུ་དེ་ཡིན་པ་རེད།

    སྙན་ཞུའི་ནང་བསྟན་དོན།2021ལོའི་སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་།གསུམ་པ།བཞི་པ།ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན།ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ།ཞིང་ཨུའི་བོད་དང་འབྲེལ་བ་ཡོད་པའི་ལས་དོན་ཚོགས་འདུ་ཐེངས་གསུམ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། “སྣ་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་བཀོད་པ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་དོན་འཁྱོལ།ཀྲུང་དབྱང་དང་།ཞིང་ཆེན་ཨུ་ལྷན།ཁུལ་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་བཅས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་ལྟར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱས་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་མཐའ་འཁྱོངས་ཀྱིས་རྨང་གཞིའི་སྒྲིག་བཀོད་དང་།ཐོན་ལས་འཕེལ་རྒྱས།དབུལ་སྒྲོལ་སྲ་བརྟན།སྣོད་བཅུད་སྲུང་སྐྱོབ།དམངས་འཚོ་ལེགས་གཏོང་།མི་རིགས་མཐུན་སྒྲིལ་སོགས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ནས།སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ཏེ་དུས་རབས་གསར་པ་དང་བདེ་ཆེན་གསར་པ་ཁྱོན་ཡོངས་ནས་བསྐྲུན་རྒྱུར་འགོ་ཡག་པོ་ཞིག་འཛུགས་དགོས།

    སྙན་ཞུའི་ནང་།2021ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི།ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6%ཡས་མས་འཕར་བར་བྱ་རྒྱུ་དང་།གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་6%ཡས་མས་འཕར་བར་བྱ་རྒྱུ།སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་3%ཡས་མས་འཕར་བར་བྱ་རྒྱུ།སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བྱེད་གྲངས་བསྡོམས་འབོར་5%ཡས་མས་འཕར་བར་བྱ་རྒྱུ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་6%ཡས་མས་འཕར་བར་བྱ་རྒྱུ།གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད་ཞིང་ཆེན་གྱིས་གཤམ་ལ་སྤྲོད་པའི་དམིགས་ཚད་ལག་བསྟར་དང་།རྩིས་གཞིའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་དེ་ཞིང་ཆེན་གྱིས་གཤམ་བསྒྲགས་པའི་དམིགས་ཚད་ཀྱི་ཁོངས་སུ་ཚོད་འཛིན་བྱ་རྒྱུ། གོང་གསལ་གྱི་དམིགས་འབེན་ལ་དམིགས་ཏེ་རྣམ་གྲངས་འཛུགས་སྐྲུན་དང་།ཐོན་ལས་འཕེལ་རྒྱས།སྣོད་བཅུད་སྲུང་སྐྱོང་།གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན།གྲོང་གསེབ་དར་སྤེལ།སྒྱུར་བཅོས་གཏིང་ཟབ།དམངས་འཚོ་ལེགས་གཏོང་།ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བཅོས་སྐྱོང་བཅས་ཕྱོགས་བརྒྱད་ཀྱི་ལས་དོན་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ནས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་བཙུགས་ནས་ལོ་100འཁོར་བར་བསུ་བ་ཞུས་ཏེ་དུས་རབས་གསར་པ་དང་བདེ་ཆེན་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།གྲོས་ཚོགས་ཀྱི་གྲོས་རིམ་གཞིར་བཟུང་།ཚོགས་ཆེན་ཐོག་ཡིག་ཐོག་ནས་འཐུས་མིར་ཕུལ་ཏེ་བདེ་ཆེན་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་རྩ་གནད་འཆར་ཟིན་དང་། བདེ་ཆེན་ཁུལ་གྱི་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ།བདེ་ཆེན་ཁུལ་གྱི་2020ལོའི་ས་གནས་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2021ལོའི་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་བྱས་པ་རེད།

ཀྲུའུ་ཞི་སྡིངས་ཆའི་སྟེང་ད་དུང་ཏུའུ་ཡུང་ཁྲུན་དང་ལི་ཡན་ལན།བཀྲ་ཤིས་དོན་འགྲུབ།དབྱང་ཙི་ཅང་།མིའོ་ཡིའུ་ཧྥ།ཞུས་ཕེང་ཧྲེང་།ཁུང་ཝུའེ་ཧྭ།ཅི་ཞིང་ཅང་།ཧྭ་ཡུས་ཅང་།ཚའེ་ཝུའུ་ཁྲེང་།དབྱང་ཀྲེང་དབྱི།ཧོ་ལི་ཕིང་།ཝུའུ་ཞུའེ་ཀྲུའུ།ལི་ཆིང་ཕེ།མེའོ་ཝུན་ཚའེ།དབྱང་ཧྥེང་ཞི།ཤར་རྩེ་བསྟན་འཛིན་རྒྱ་མཚོ།ཀུའོ་ཀྲུང་ཞན།ཧྲི་ཁྲུན་མིང་།སྐལ་བཟང་རྣམ་རྒྱལ།ཀྲང་ཡུས།ཀྲའོ་ཁྲེང་ཝུའུ།ཧུའུ་ཧུང་ཆོན།སུང་ཐའོ་སོགས་བཞུགས་ཡོད་པ་རེད། ཁུལ་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དྲུག་པར་ཞུགས་མཁན་ཨུ་ཡོན་དང་ཟུར་ཞུགས་མི་སྣ་ཚོགས་འདུར་ཟུར་ཞུགས་གནང་བ།

ཚོགས་རའི་ཡུལ་དངོས།