བདེ་ཆེན་གྱི་འཐུས་མི་ཚོས་བསམ་འཆར་གང་དག་བཏོན་ཡོད་པར་གཟིགས་རོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    འཐུས་མི་དང་ཨུ་ཡོན་རྣམ་པ་ནི་མི་དམངས་མང་ཚོགས་ཀྱི་སེམས་གཏིང་སྨྲ་བའི་མགྲིན་ཚབ་པ་ཡིན།    ཁོང་ཅག་གིས་སློབ་གསོ་རིག་གནས་དང་།དབུལ་སྒྲོལ་འགག་སྒྲོལ། སྨན་བཅོས་འཕྲོད་བསྟེན་སོགས་ཕྱོགས་གང་ཅིའི་ཐད་ནས་མི་དམངས་མང་ཚོགས་ཀྱི་ཆེད་དུ་སེམས་གཏམ་སྨྲས་ཡོད་པས་ང་ཚོས་དེའི་སྐོར་གྱི་གནས་ཚུལ་ཞིབ་ཕྲར་གཟིགས་ན། 

འཐུས་མི་བསོད་རྣམས་ཆོས་མཚོ།

    འཇོལ་རྫོང་ཡན་མིན་ཤང་ནས་ཚོགས་འདུར་ཕེབས་པའི་བསོད་ནམས་ཆོས་མཚོས་《སྲིད་གཞུང་གི་ལས་དོན་སྙན་ཞུ》ཉན་རྗེས་སྙན་ཞུའི་གྲུབ་ཆ་ཁ་གསལ་བ་དང་ནང་དོན་ཕུན་སུམ་ཚོགས་པས་མི་སེམས་ལ་སྐུལ་མ་ཐེབས་པ་རེད། ཁོ་མོས་སྙན་ཞུ་དེ་སྤྱིའི་ཆ་ནས་ཆ་ཤས་གསུམ་ལ་དབྱེ་བ་སྟེ།ཁག་དང་པོས་2020ལོ་དང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ལས་དོན་ལ་ཕྱིར་མིག་བལྟས་པ་དང་།དབུལ་སྒྲོལ་འགག་སྒྲོལ་ཐད་རྒྱལ་ཁ་གསར་པ་ཐོབ་པ།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མཆོང་སྐྱོད་གསར་པ་བྱུང་བ།སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་སྐུལ་འདེད་གསར་པ་ཐོབ་པ་སོགས་ཀྱི་ཐད་འདས་ཟིན་པའི་གྲུབ་འབྲས་བརྗོད་ཡོད། ཁག་གཉིས་པར་སྙན་ཞུའི་ནང་གི་ལོ་ལྔ་ཚན་བཅུ་བཞི་པའི་དམིགས་ཡུལ་དང་ལས་འགན་གཙོ་བོ་རྒྱས་བཤད་བྱས་པ་དང་།ཕྱོགས་བརྒྱད་ལ་བགོས་ཏེ་འབྱུང་འགྱུར་ལ་འཆར་འགོད་ཞིབ་ཕྲ་བྱས་ཡོད། མཇུག་ཏུ་ཁག་གསུམ་པ་2021ལོའི་ལས་དོན་བཀོད་སྒྲིག་བྱས་པ་རེད། སྙན་ཞུ་ཧྲིལ་པོ་དངོས་ཐོག་བདེན་འཚོལ་དང་།དོན་དངོས་དང་མཐུན་པས་ཡིད་ཆེས་ཆེ་རུ་གཏོང་བ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་སྙན་ཞུ་ཡག་པོ་ཞིག་རེད་ཅེས་གསུངས་པ་རེད།

འཐུས་མི་ལི་ཁྲུན་མེ།

    འཐུས་མི་ལི་ཁྲུན་མེ་ཡིས་《སྲིད་གཞུང་གི་ལས་དོན་སྙན་ཞུ》ཉན་རྗེས་སེམས་འགུལ་ཆེན་པོ་ཐེབས་ཤིང་། མྱོང་ཚོར་གླེང་སྐབས་མོས་ལོ་འདི་དག་ནང་འབད་བརྩོན་བྱས་པ་བརྒྱུད་གནད་སྨིན་དབུལ་སྐྱོར་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་དངོས་སུ་མྱོང་ཚོར་ཐུབ་པ་དང་།ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་མི་དམངས་ལ་སྤྲད་པའི་ཕན་བདེ་མྱོང་ཚོར་ཐུབ་བྱུང་།དམངས་འཚོ་འགན་ལེན་བྱས་པ་ལས་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཕྱིན་ཡོད་ཅེས་བཤད་པ་རེད།

འཐུས་མི་སུན་ཅན་ཅུན།

    རྒྱལ་ཐང་གྲོང་རྡལ་མི་དམངས་སྲིད་གཞུང་གི་འགོ་ཁྲིད་སུན་ཅན་ཅུན་གྱིས་དེ་རིང་སྔ་དྲོ།《སྲིད་གཞུང་གི་ལས་དོན་སྙན་ཞུ་》ལ་ཉན་རྗེས།《སྙན་ཞུའི་》ནང་དུ་“ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ལག་བསྟར་བྱས་ཚུལ་དང་2020ལོའི་སྤྱིའི་ལས་དོན་ཕྱོགས་བསྡོམས་ནན་ཏན་བྱས་ཏེ།སྙན་ཞུ་ཡོངས་དངོས་གཉེར་དང་།གཞི་གྲངས་ཁ་གསལ།གནད་དོན་གསལ་སྟོན།དུས་མཚུངས་སུ་ང་ཚོས་2021ལོ་དང་དེང་ཕྱིན་གྱི་དུས་སྐབས་ཤིག་རིང་གི་ལས་དོན་ལེགས་སྒྲུབ་བྱེད་པར་སྤྱིའི་གཞི་གདངས་གཏན་འཁེལ་བྱས་པ་དང་།སྤྱིའི་ལས་འགན་ཁ་གསལ་དང་སྤྱིའི་བླང་བྱ་བཏོན་ཡོད་པ་རེད། 《སྙན་ཞུའི》བདེ་ཆེན་ཁུལ་གྱི་དོན་དངོས་དང་མཐུན་པས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་ཁྲིད་རང་བཞིན་ལྡན་ཡོད།གཞི་རིམ་གྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་ངས་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་ཁྲིམས་ལྟར་འཐུས་མིའི་འགན་དབང་ཁག་སྤྱོད་པ་དང་།ལས་དོན་སྙན་ཞུ་ནན་ཏན་ངང་ཉན་པ་དང་གྲོས་ཞིབ་བྱས་ཏེ་རྒྱལ་ཐང་མི་དམངས་མང་ཚོགས་ཀྱི་བསམ་བློ་གཏོང་ལུགས་དང་ཟུང་འབྲེལ་བྱས་ནས་ཧུར་བརྩོན་གྱིས་གྲོས་གཞི་དང་གྲོས་འགོ་བཏོན་ནས་འགན་འཁྲི་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་གསུངས་པ་རེད།

འཐུས་མི་ཆོས་འཛོམས།

    ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོའི་འཐུས་མི་ཆོས་འཛོམས་ཀྱིས་ཁེ་ལས་རྟེན་གཞིའི་ནང་བཏབ་པའི་ཞོག་ཁོག་དང་ནས་ཀྱི་ཆེ་ཆུང་ལ་ལྟ་སྐབས་ང་ཚོ་ཡིད་སྨོན་ཆེན་པོ་འདུག མིག་སྔར་གྲོང་ཚོའི་ནང་རིགས་པའི་གཞུང་ལུགས་ཀྱི་གསོ་སྦྱོང་མང་པོ་བྱས་ཡོད་མོད།འོན་ཀྱང་སྐད་ཡིག་ཤེས་རྟོགས་སོགས་ཀྱིས་རྐྱེན་པས་གྲོང་མིས་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ས་ཞིང་ཐོག་སྤྱོད་ཐུབ་ཀྱི་མེད།སྲིད་གཞུང་གིས་ལག་ལེན་རང་བཞིན་གྱི་ཞིང་ལས་ལག་རྩལ་གསོ་སྦྱོང་དེ་བས་མང་བ་སྒྲིག་འཛུགས་བྱས་ནས་ཞིང་ནང་དུ་སློབ་ཁྲིད་བྱེད་པ་དང་།ཞིང་པར་ཚན་རིག་དང་མཐུན་པའི་འདེབས་འཛུགས་བྱེད་སྟངས་ཁྲིད་པ།ཐོན་ཚད་དང་ཡོང་འབབ་མང་དུ་གཏོང་བ།མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་སེམས་ཆེ་རུ་གཏོང་བ་བཅས་བྱ་རྒྱུའི་རེ་བ་ཡོད”ཅེས་བཤད་པ་རེད།