བྱ་གླག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

སུང་ཞུའེ་པའོ་ཡིས་ནགས་ཕག་མཚོ་ནས་པར་བླངས།

        བྱ་གླག་ནི་བྱ་ཁྲ་དབྱིབས་བྱ་ཁྲ་ཚན་གྱི་ཁོངས་སུ་གཏོགས་ལ།  ལུས་པོའི་རིང་ཚད་ལི་སྨི36ཟིན་པ་དང་། འདབ་གཤོག་བརྐྱངས་ན་ལི་སྨི75ཙམ་ཟིན་པའི་གཏུམ་བྱ་ཆུང་གྲས་ཤིག་ཡིན།  བྱ་ཕོའི་སྤྱི་གཙུག་དང་སྐེ་རྒྱབ་མདོག་སྐྱ་སྐྱ་ཡིན་ལ། རྔ་མ་སྔོ་སྐྱ་ཡིན་ལ་འཕྲེད་ཁྲ་མེད།  ཁོག་སྟོད་དམར་སྨུག་ཡིན་ཞིང་འཕྲེད་ཁྲ་ནག་པོ་ཙམ་ལྡན།  ཁོག་སྨད་པགས་སེར་ལ་གཞུང་རིས་ནག་པོ་ལྡན།  བྱ་མོའི་གཟུགས་དབྱིབས་ཅུང་ཆེ་ལ་ཁོག་སྟོད་ཁམ་མདོག་ཡིན་ཞིང་བྱ་ཕོ་དང་བསྡུར་ན་དམར་སྨུག་མིན་པའི་འཕྲེད་ཁྲ་སྦོམ་པོ་མང་།

སུང་ཞུའེ་པའོ་ཡིས་ནགས་ཕག་མཚོ་ནས་པར་བླངས།

        བྱ་གླག་ནི་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེན་པོ་དང་ཨ་ཧྥི་རི་ཁར་རྒྱ་ཁྱབ་ཏུ་ཁྱབ་ཡོད་ལ།  རྒྱུན་དུ་ཁེར་རྐྱང་གི་བྱ་འགུལ་ལ་དགའ་ཞིང་ཁྱད་པར་དུ་ས་སྲིབ་དུས་འཁྲུག་ཆ་དོད་ཤོས་ཡིན།  ཟས་འཚོལ་བའི་སྐབས་སུ་རྒྱུན་དུ་བར་སྣང་ནས་གནས་གཏན་འཁེལ་བྱས་ནས་འདུག  མིག་ཤེད་སྐྱེན་པ་དང་ཟས་ལེན་པ་མགྱོགས། ས་ངོས་སུ་ཟས་རིགས་ཡོད་པ་མཐོང་སྐབས་མྱུར་དུ་མར་གཏད་ནས་བཟུང་། བར་སྣང་ནས་བྱ་རིགས་ཆུང་གྲས་དང་འབུ་སྲིན་སོགས་འཛིན་བཟུང་བྱས་ནས་ཟས་སུ་སྤྱོད་པའང་ཡོད།   གྲོང་ཁྱེར་གྱི་ཁོར་ཡུག་ལ་ཡང་ལེགས་པར་འཕྲོད་ཐུབ།

སུང་ཞུའེ་པའོ་ཡིས་ནགས་ཕག་མཚོ་ནས་པར་བླངས།

        བྱ་གླག་ནི་སེམས་ཀྱི་ཉི་ཟླ་ས་ཁུལ་གྱི་རྒྱུན་མཐོང་གི་གཏན་སྡོད་བྱ་རིགས་ཤིག་ཡིན་ལ། བྱ་གླག་དེ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན།

 བྱ་གཟིགས་སྒྲིག་འཛུཊ་ཨུ་ལྷན་གྱིས་ནགས་ཕག་མཚོ་ནས་པར་བླངས།