སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པ་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་1པོའི་ཚེས་8ཉིན་གྱི་སྔ་དྲོར། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་ཁུལ་ཨུའི་སྙན་སེང་ཚོམས་ཆེན་དུ་འགོ་ཚུགས་པ་དང་། ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་དང་།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཆི་ཅན་ཞིན་སོགས་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་པ་དང་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།

        ཚོགས་ཆེན་ལ་ཨུ་ཡོན་217ཕེབས་དགོས་པ་དང་དངོས་སུ་ཕེབས་པའི་ཨུ་ཡོན་183ཡོད་པས་སྲིད་གྲོས་ཀྱི་སྒྲིག་ཡིག་གི་གཏན་འབེབས་དང་མཐུན་པ།ཚོགས་ཆེན་ཐོག་དང་ཐོག་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

        ཝང་དབྱི་ཀྲི་ཡིས་2020ལོར་ཁུལ་ཡོངས་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་དག་གིས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་ལ་དམ་པོ་འཛིན་པ་དང་ཁུལ་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་དམ་པོ་དམིགས་ནས། བརྟན་ལྷིང་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས། སྣོད་བཅུད་སྲུང་སྐྱོང་།མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐད་ཧུར་ཐག་སྒོས་སྲིད་ཞུགས་སྲིད་མོལ་དང་ཐབས་འདོན་ཇུས་འབུལ་བྱས་ཡོད་པ་དང་བདེ་ཆེན་གྱི་བྱ་གཞག་ཁག་འཕེལ་རྒྱས་བྱུང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་ཡོད་པ་དང་།2021ལོ་ནི་རང་རྒྱལ་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་པའི་ལོ་གཅིག་ཡིན་ལ། ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་འགོ་ཚུགས་པའི་ལོ་ཡིན་པ་དང་དུས་རབས་གསར་པ་དང་བདེ་ཆེན་གསར་པ།རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ཡང་ཡིན། ཁུལ་ཡོངས་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་ཀྱིས་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་ཁོང་དུ་བརྟན་པོ་ཆུད་དགོས་པ་དང་།  མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་དར་སྤེལ་ཤུགས་ཆེན་གཏོང་དགོས།སྔར་ལས་ལྷག་པར་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ།དགེ་མཚན་འདོན་སྤེལ་བྱེད་པ། བྱས་རྗེས་ཧུར་ཐག་འཇོག་པ།དམངས་ཀྱི་བློ་གྲོས་རྒྱ་ཆེར་བསྡུས་པ།ཐབས་ཇུས་བཟང་པོ་གང་མང་འདོན་པ་བཅས་བྱས་ནས་དུས་རབས་གསར་པ་དང་བདེ་ཆེན་གསར་པ་འཛུགས་སྐྲུན་གྱི་ལེ་ཚན་གསར་པ་རྩོམ་དགོས་ཞེས་བསྟན་པ་རེད།

        ཝང་དབྱི་ཀྲི་ཡིས་བླང་བྱ་བསྟན་དོན།  གཅིག་ནས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་དགོས་པ་དང་། གཉིས་ནས་འགན་འཁྲི་སྒྲུབ་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། གསུམ་ནས་དུས་རབས་གསར་པ་དང་བདེ་ཆེན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་སྲིད་གྲོས་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། བཞི་ནས་ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

        ཏུའུ་ཡུང་ཁྲུན་གྱིས་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ནས་ཚོགས་ཆེན་ཐོག་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སེང་ཞུས་པ་རེད།   སྙན་ཞུའི་ནང་བསྟན་དོན།  ལོ་གཅིག་གི་རིང་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཡོད་པ་དང་།ཁུལ་ཨུའི་འགོ་ཁྲིད་སྟོབས་ལྡན་དང་ཞིང་ཆེན་སྲིད་གྲོས་ཀྱི་མཛུབ་སྟོན་ནུས་ལྡན་འོག       མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་མཐའ་འཁྱོངས་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན།   བརྟན་སྲུང་དྲུག་དང་།   འགན་ལེན་དྲུག་བཅས་ཀྱི་ལས་དོན་ཁག་ལ་དམིགས་ནས་འགག་སྒྲོལ་གྱི་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ།སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ་སོགས་ཀྱི་ལས་འགན་ལ་དམིགས་ནས་སྲིད་གྲོས་ཀྱི་འགན་ནུས་ཁག་ནན་ཏན་ངང་སྒྲུབ་པ་དང་།   ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་དུས་རབས་གསར་པ་དང་བདེ་ཆེན་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་ཡོད།

        སྙན་ཞུའི་ནང་2021ལོར་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ།ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་།གསུམ་པ།བཞི་པ།ལྔ་པ་བཅས་ཀྱི་དགོངས་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་དང་།ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་སྲིད་གྲོས་ལས་དོན་ཚོགས་འདུ།ཞིང་ཆེན་ཨུ་ལྷན་གྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ།ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་།ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ།བོད་འབྲེལ་ལས་དོན་སྐོར་གྱི་ཚོགས་འདུ་ཐེངས་གསུམ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ།འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་བ་དང་།གདེང་ཚོད་བཞི་ཇེ་བརྟན་དུ་གཏོང་བ།སྲུང་སྐྱོང་གཉིས་བརྟན་སྲུང་ཐུབ་པ་བྱས་ཏེ་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་བློ་བརྟན་འགྱུར་མེད་གྱི་འགོ་ཁྲིད་འོག་ཁུལ་ཨུའི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་དང་ཁུལ་ཨུའི་སྲིད་གྲོས་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར།མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་དམ་པོར་བཟུང་ཞིང་།འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ།འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ལ་དམིགས་ནས་ཁུལ་ཡོངས་ཀྱི་ལྟེ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ།ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་དམངས་འཚོའི་གནད་དོན་གལ་ཆེན་ལ་དམིགས་ཏེ།ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཇེ་དམ་དུ་གཏོང་རྒྱུ་ཕན་ཚུན་འབྲེལ་མཐུད་དང་།ཐབས་འདོན་སྲིད་སྐྱོང་། ངོས་འཛིན་གཅིག་མཐུན་གོང་བུར་འགྲིལ་བ་བཅས་ཕྱོགས་གཉིས་ཀས་ཤུགས་རྒྱག་རྒྱུ་རྒྱུན་འཁྱོངས་བྱ་དགོས།དུས་རབས་གསར་བ་དང་བདེ་ཆེན་གསར་བ་འཛུགས་སྐྲུན་བྱེད་པར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པ་ནན་གྱིས་བསྟན།

        སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར་དབྱང་ཧྥེང་ཞི་ཡིས་ཚོགས་ཆེན་ལ་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སེང་ཞུས་པ་རེད།

ཚོགས་རའི་ཡུལ་དངོས།