བྱ་རྒོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    བྱ་རྒོད་ནི་རྒོད་གཟུགས་ཀྱི་ཁྲ་ཚན་དུ་གཏོགས་ཤིང་།རིང་ཚད་ལ་ལི་སྨི་100ཙམ་ཡོད་པ་དང་།གཤོག་པ་བརྐྱངས་པའི་རིང་ཚད་ལ་ལི་སྨི་260ཡན་གྱི་འདབ་ཆགས་ཆེན་པོ་ཞིག་ཡིན། དེའི་སྤུ་ཡོངས་ཀྱི་སྤུ་མདོག་ནི་ཁ་དོག་ནག་པོས་གཙོ་བོ་བྱེད་པ་དང་།མགོ་དང་སྐེ་གཅེར་བུར་ཐོན་པ།པགས་པ་ནི་ཞ་ཉེ་སྔོན་པོ་ཡིན་པ།མགོ་ཐོག་ནི་སྤུ་མདོག་སྨུག་པོ་ཡིན་པ།གཉེར་མ་ནི་མདོག་དཀར་པོ་ཡིན།

    བྱ་རྒོད་ནི་ཤིན་ཅང་དང་།ནང་སོག བྱང་ཤར་བཅས་སུ་རྒྱུད་སྤེལ་བ་དང་།དེ་ནི་འདབ་ཆགས་ཁྲོད་ཁེར་སྡོད་ཀྱི་བྱ་སྤྱོད་ཧ་ཅང་མངོན་གསལ་དོད་པའི་སྲོག་ཆགས་ཤིག་ཡིན། དགུན་ཁར་བྱིའུ་ཕྲུག་འཁྱམས་འགུལ་རང་བཞིན་གྱི་གནས་སྤོར་བ་མངོན་གསལ་ཡིན་ལ།རྒྱུན་དུ་ལྷོ་ཕྱོགས་ཀྱི་ས་ཆ་སོ་སོ་ནས་བྱ་དེའི་ཁྱབ་ཚུལ་གྱི་སྙན་ཞུ་མཐོང་ཐུབ། ལྗར་པན་དང་ཀྲུང་གོའི་ཐའེ་དབན་སོགས་སུ་བྱ་རྒོད་ལ་ལྟ་ཞིབ་བྱས་པའི་ཟིན་ཐོ་ཡོད་པ་རེད། བྱ་རྒོད་ནི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་རྨོ་འདེབས་ས་ཁུལ་དུ་འཚོ་ཞིང་།གཙོ་བོ་སྲོག་ཆགས་ཆེ་གྲས་ཀྱི་རོ་ཟས་སུ་བྱེད་པ་དང་།སྐབས་འགར་སྲོག་ཆགས་ཆུང་གྲས་དང་སྒོ་ཕྱུགས་གསོན་པོ་ཟ་བ་རེད། བྱ་རྒོད་སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་དགུན་སྒྲོལ་བྱེད་ཚད་བརྟན་པོ་མེད་པས།དུས་རྒྱུན་ཐང་དཀར་རྒོད་པོ་དང་མཉམ་དུ་འཚོ་བཞིན་ཡོད།