དང་བླངས་པས་རྒྱལ་གཅེས་འཕྲོད་བསྟེན་གྱི་ཤེས་བྱ་སྒྲོག་སྤེལ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།དམངས་ཡོངས་རྒྱལ་གཅེས་འཕྲོད་བསྟེན་དང་བདེ་ཐང་དང་ཤེས་དཔལ་ལྡན་པའི་འཚོ་བའི་དར་སྲོལ་གསར་པའི་བྱ་འགུལ་ནང་ཞུགས་ནས།བདེ་ཐང་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་སྔར་བས་ཁྱབ་སྤེལ་དང་ཁྱབ་གདལ་བཏང་སྟེ་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་ཆེད།ཉེ་སྔོན་གུང་གཞོན་ཚོགས་པ་སེམས་ཀྱི་ཉི་ཟླ་གྲོང་ཨུས་དང་བླངས་པ་སྒྲིག་འཛུགས་བྱས་ནས་སློབ་གྲྭ་དང་མི་རིགས་མཐུན་སྒྲིལ་ཐང་ཆེན་དུ་དམངས་ཡོངས་རྒྱལ་གཅེས་འཕྲོད་བསྟེན་དུ་ཞུགས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སློབ་འབྲིང་གཉིས་པ་དང་།རྡོ་མཁར་རྫོང་སློབ་ཆུང་།དར་དམར་སློབ་ཆུང་།ཚོད་ལྟ་སློབ་ཆུང་།རྒྱལ་ཐང་སློབ་ཆུང་།མི་རིགས་མཐུན་སྒྲིལ་ཐང་ཆེན་བཅས་སུ་སློབ་ཆེན་སློབ་མའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་དང་སེམས་ཀྱི་ཉི་ཟླའི་གཞོན་ནུའི་ལས་གཏོད་མནའ་འབྲེལ་དང་བླངས་ཞབས་ཞུ་རུ་ཁག་གིས་སློབ་མ་ཚོ་དང་དེ་བཞིན་འགྲོ་འོང་བྱེད་མཁན་མི་ཚོགས་ལ་རྒྱལ་གཅེས་འཕྲོད་བསྟེན་གྱི་ཆེད་དོན་བྱ་འགུལ་དང་།དར་སྲོལ་གསར་པ་དྲུག་དར་སྤེལ་གཏོང་བ།རྒྱལ་གཅེས་འཕྲོད་བསྟེན་གྱི་ཆེད་དོན་བྱ་སྤྱོད་བདུན་བཅས་ཀྱི་དྲིལ་བསྒྲགས་ལག་དེབ་སྤྲད་པ་མ་ཟད།ངང་རྒྱུད་རིང་པོས་རྒྱལ་གཅེས་འཕྲོད་བསྟེན་གྱི་ཤེས་བྱ་སྒྲོག་སྦྱང་བྱས།རྒྱ་ཆེའི་མང་ཚོགས་ཆེད་དོན་བྱ་སྤྱོད་བདུན་ནང་ཞུགས་རྒྱུའི་གྲོས་འགོ་བཏོན་ཏེ་རྒྱལ་གཅེས་འཕྲོད་བསྟེན་བྱ་འགུལ་སྤེལ་རྒྱུའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་པ་རེད།ཐེངས་འདིའི་བྱ་འགུལ་ནང་ཁྱོན་དྲིལ་བསྒྲགས་ལག་དེབ་8000ལྷག་ཙམ་དང་རྒྱལ་གཅེས་འཕྲོད་བསྟེན་དྲིལ་བསྒྲགས་སྦྱར་ཡིག་ཡོད་པའི་ལག་ཁྱེར་ཁུག་མ་2000སྤྲད་པ་རེད།

ཐེངས་འདིའི་དྲིལ་བསྒྲགས་བྱ་འགུལ་གྱིས་བདེ་ཐང་དང་ཤེས་དཔལ་ལྡན་པའི་འཚོ་བའི་དར་སྲོལ་གསར་པ་རྒྱ་ཁྱབ་ངང་དར་སྤེལ་དང་།རྒྱལ་གཅེས་འཕྲོད་བསྟེན་བྱ་སྤྱོད་ལ་སྐུལ་འདེད།མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བ།གཙང་སྦྲ་དོད་པའི་ཁྱིམ་སྡོད་ཁོར་ཡུག་གཏོད་པ།མང་ཚོགས་ལ་འཚོ་བའི་གོམས་གཤིས་བཟང་པོ་ཆགས་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ་རྒྱལ་གཅེས་འཕྲོད་བསྟེན་བྱ་འགུལ་ལ་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱས་པ་རེད།