བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་བོད་ལྗོངས་སུ་གཏོང་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-06   རྩོམ་ཁུངས།    མི་དམངས་དྲ་བ།

    ཟླ་1ཚེས་4ཉིན། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚོད་ཡོད་ཀུང་སིས་ལོ་འཁོར་ལས་དོན་ཚོགས་འདུ་འཚོགས་ཤིང་། 2021ལོའི་ལས་དོན་དམིགས་འབེན་ཁ་གསལ་བྱུང་བ་སྟེ། ཁྲོན་བོད་ལྕགས་ལམ་སོགས་གཙོ་གནད་ལས་གྲྭ་འཛུགས་སྐྲུན་དང་། མྱུར་བགྲོད་ལྕགས་ལམ་སྤ་སེ་ཧེ་བག་ཅན་གྱི་འཕར་ཆག་ངེས་མེད་ཀྱི་གཏན་འཁེལ་ལམ་སྲོལ། བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་བོད་ལྗོངས་སུ་གཏོང་རྒྱུ་སོགས་ཀྱི་འཆར་གཞི་ལག་ལེན་བསྟར་བར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་རེད།
   ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པ་དང་། བདེ་འཇགས་སྤུས་ལེགས་ངང་ནས་ལྕགས་ལམ་འཛུགས་སྐྲུན་བྱ་བར་སྐུལ་འདེད་བྱེད་པ་དང་། ཁྲོན་བོད་ལྕགས་ལམ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭར་སྐུལ་འདེད་ཏན་ཏིག་གཏོང་བ། ལྕགས་ལམ་ལ་མ་དངུལ་འཇོག་པའི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བཅས་བྱ་རྒྱུ་དང་། སྔོན་རྩིས་བྱས་ན་ལམ་ཐིག་གསར་པའི་ལམ་ཐག་སྤྱི་ལེ་3700ཐོན་སྐྱེད་བྱེད་འགོ་ཚུགས་རྒྱུ་རེད།
   སྤུས་ཚད་མཐོ་བའི་སྒོ་ནས་ཁྲོན་བོད་ལྕགས་ལམ་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་དང་ཁྲོན་བོད་ཞིང་ལྗོངས་གཉིས་དང་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་པའི་ཨར་སྐྲུན་དང་། བདེ་འཇགས་ལྡན་པའི་ཨར་སྐྲུན། ལྗང་མདོག་ལྡན་པའི་ཨར་སྐྲུན་བཅས་མཐའ་འཁྱོངས་བྱ་རྒྱུ་དང་། “ཕུག་ལམ་གཉིས་དང་ཟམ་པ་གཅིག”གི་ཐད་དཔེ་སྟོན་སྣེ་ཁྲིད་ཀྱི་ཕན་འབྲས་ཐོན་པ་བྱ་རྒྱུ།ཤར་ནུབ་དུམ་བུ་གཉིས་དང་བར་གྱི་ལམ་དུམ་ལ་རྩད་ཞིབ་ཇུས་འགོད་དང་ལས་འགོ་འཛུགས་རྒྱུའི་ལས་དོན་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས།
   ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་གཙོ་གནད་རྣམ་གྲངས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། ཤར་གཏོང་ཐུབ་པ་དང་། སྐྲུན་ཐུབ་པ། ལས་འགོ་འཛུགས་ཐུབ་པ་བཅས་ཀྱི་གོ་རིམ་ལ་འགན་ལེན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོགནུབ་རྒྱུད་ཀྱི་སྐམ་མཚོ་ལམ་ཆེན་གསར་པ་དང་། འབྲི་ཆུའི་འགྲམ་རྒྱུད་ཀྱི་མྱུར་བགྲོད་ལྕགས་ལམ། པེ་ཅིང་དང་ཐེན་ཅིན་དང་ཧོ་པེ་བཅས་ཀྱི་གྲོང་ཁྱེར་དབར་གྱི་ལྕགས་ལམ་དྲ་བ་སོགས་གཙོ་གནད་རྣམ་གྲངས་ལ་སྐུལ་སྤེལ་གཏོང་བའི་ལས་ཀ་ཏན་ཏིག་ངང་ལེགས་པར་བསྒྲུབ་དགོས།མ་ལམ་དང་བགྲོད་ལམ་གསབ་ནུས་ཆེ་རུ་གཏོང་བ་དང་། འབབ་ཚུགས་དང་ལམ་ཐིག་གཉིས་ཀྱི་ནུས་པ་མཐུན་སྦྱོར་སོགས་ཞན་ཆ་གསབ་པའི་རྣམ་གྲངས་གཅིག་གྱུར་གྱིས་ལག་བསྟར་བྱས་ནས་གཙོ་གནད་རྣམ་གྲངས་ཁག་ཅིག་ཁྲིམས་མཐུན་ལྟར་ཤར་གཏོང་དང་གཉེར་སྐྱོང་ཐུབ་པའི་འགན་ལེན་ཏན་ཏིག་བྱས་ནས་ལོ་འཁོར་གྱི་དངུལ་འཇོག་ལས་འགན་དང་དངོས་རྫས་བགོ་བཤའི་ལས་དོན་ལེགས་འགྲུབ་ཡོང་བའི་འགན་ལེན་ཏན་ཏིག་བྱ་དགོས། 
   བསྐྱར་དར་རྟགས་ཅན་གྱི་ཚོང་རྟགས་གྲགས་ཅན་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་བསྐྱར་དར་རྟགས་ཅན་གྱི་འཁོར་སྐྱོད་ཁེབས་ཁྱོན་རྒྱ་སྐྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་དགོས།བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་རབ་དང་རིམ་པ་ཞིབ་བཟོ་དང་ཐོན་ལས་ཅན་དུ་བེད་སྤྱོད་གཏོང་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་། བསྐྱར་དར་རྟགས་ཅན་གྱི་མེ་འཁོར་གཏོང་བའི་གྲུབ་ཆ་ལེགས་སུ་གཏོང་བ། འཁོར་རྒྱུག་སྤུས་ཚད་མཐོ་རུ་གཏོང་བ། ཞབས་ཞུའི་སྤུས་རྟགས་གཏོད་པ་བཅས་བྱེད་དགོས།ལྷ་ཉིང་ལྕགས་ལམ་ཤར་གཏོང་གཉེར་སྐྱོང་བྱེད་སྐབས་བསྐྱར་དར་རྟགས་ཅན་གྱི་ནང་གློག་གཉིས་ལྡན་གྱི་ཤུགས་འགྲེམས་མེ་འཁོར་བོད་ལྗོངས་སུ་གཏོང་ཐུབ་པ་བྱེད་དགོས།