རྒོད་ཐང་དཀར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    རྒོད་ཐང་དཀར་ནི་བྱ་རྒོད་གཟུགས་ཀྱི་ཁྲ་ཚན་དུ་གཏོགས་ཤིང་།དེའི་རིང་ཚད་ལ་ལི་སྨི་130དང་གཤོག་པ་བརྐྱངས་ན་ལི་སྨི་260ཡན་ཡོད།དེའི་མགོ་གཅེར་བུར་མངོན་པ་དང་།སྐེ་ལ་སྤུ་མདོག་དཀར་པོ་སྐྱེས་ཡོད་ལ།ལུས་ཡོངས་ཀྱི་སྤུ་མདོག་སེར་པོའམ་སྨུག་པོ་ཡིན། འདབ་ཆགས་ཆེན་པོ་དེ་རིགས་མཚོ་བོད་ས་མཐོ་དང་སི་ཁྲོན་ནུབ་རྒྱུད་ས་མཐོར་རྒྱུད་སྤེལ་བྱེད་ཀྱི་ཡོད།སྟོན་ཁར།རྒོད་ཐང་དཀར་འཕྲེད་རྒྱུག་རི་རྒྱུད་ནས་ལྷོ་ཕྱོགས་སུ་ཡུན་ནན་ནུབ་རྒྱུད་དུ་གནས་སྤོས་པ་དང་།ཡང་ན་ཧི་མ་ལ་ཡའི་རི་རྒྱུད་བརྒལ་ནས་རྒྱ་གར་དང་འབར་མ་སོགས་སུ་དགུན་སྐྱེལ་བཞིན་ཡོད།

    རྒོད་ཐང་དཀར་ནི་ཤ་རུལ་དང་རོ་ཟས་སུ་བྱེད་ཅིང་།སྤྱིར་བཏང་དུ་གསོན་པོར་སྡོད་མཁན་གྱི་སྲོག་ཆགས་ལ་ཕར་རྒོལ་བྱེད་ཀྱི་མེད། དེའི་མཐོང་ཚོར་དང་སྣ་ཤེས་ཧ་ཅང་རྣོ་ཞིང་།རྒྱུན་དུ་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་པ་དང་ས་ངོས་ཀྱི་རོ་འཚོལ་གྱི་ཡོད་ལ།ཤ་རུལ་གྱི་དྲི་མ་སྣོམ་ནས་རོ་ལ་གཅིག་སྡུད་བྱེད་ཀྱི་ཡོད།དེ་ནི་བོད་རིགས་ས་ཁུལ་སྲོལ་རྒྱུན་གྱི་བྱ་གཏོར་དུར་སྐྱེལ་མཛད་སྒོའི་ཁྲོད་ནུས་པ་གཙོ་བོ་ཐོན་བཞིན་ཡོད།།

    རྒོད་ཐང་དཀར་ནི་སེམས་ཀྱི་ཉི་ཟླའི་ས་ཁུལ་གྱི་རྒྱུན་མཐོང་འདབ་ཆགས་ཤིག་ཡིན་ལ། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་ཁོངས་སུ་གཏོགས།