བདེ་ཆེན་གྱི་མི་རིགས་གྱོན་ཆས་ཁྲུའུ་ཞུང་དུ་འགྲེམས་སྟོན་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-06   རྩོམ་ཁུངས།    ཁྲུའུ་ཞུང་ཁུལ་དངོས་མང་བཤམས་སྟོན་ཁང་།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2020ལོའི་ཟླ་12པའི་ཚེས་23ཉིན་ནས་བཟུང་ཁྲུའུ་ཞུང་ཁུལ་དངོས་མང་བཤམས་སྟོན་ཁང་དང་བདེ་ཆེན་ཁུལ་དངོས་མང་བཤམས་སྟོན་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི《བྲོ་འཁྲབ་པའི་ཉམས་འགྱུར-བདེ་ཆེན་གྱི་མི་རིགས་གྱོན་ཆས་རིག་གནས་འགྲེམས་སྟོན》དེ་ཁྲུའུ་ཞུང་ཁུལ་དངོས་མང་བཤམས་སྟོན་ཁང་དུ་འགྲེམས་སྟོན་བྱས་པ་དང་འགྲེམས་སྟོན་བྱས་པ་རེད།

    རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་འགྲེམས་སྟོན་ནང་བོད་རིགས་དང་།ལི་སུའུ་རིགས།འཇང་རིགས།དབྱིས་རིགས།བོད་བརྒྱུད་ནང་བསྟན་གྱི་འཆམ་ལ་སོགས་གཟབ་མཆོར་ལེགས་པར་སྤྲས་པའི་རྒྱན་གོས་ཁྱོན་32དང་།དངུལ་རྒྱན་དང་།རྣ་རྒྱན།རྐེད་རྒྱན་སོགས་ཁྱོན་62འགྲེམས་སྟོན་བྱས་ལ།པར་རིས་འགྲེམས་པང་གི་རྣམ་པའི་ཐོག་ནས་བདེ་ཆེན་གྱི་སྣ་མང་ཕུན་སུམ་ཚོགས་པའི་རང་བྱུང་མཛེས་ལྗོངས་དང་།མི་རིགས་དམངས་སྲོལ་རིག་གནས།དུས་ཆེན་གྱི་རྟེན་འབྲེལ་བཅས་དང་དེ་བཞིན་རྒྱན་གོས་བཟོ་རྩལ་མཚོན་བྱེད་དུ་བྱས་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ལ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཏེ་བདེ་ཆེན་ས་ཁུལ་གྱི་མི་རིགས་ཁྱད་ཆོས་མངོན་ཡོད་པ་རེད།འགྲེམས་སྟོན་དེ་2021ལོའི་ཟླ་2པའི་ཚེས་22ཉིན་བར་རིན་མི་དགོས་པར་གྲོང་མི་དང་ཡུལ་སྐོར་བར་སྒོ་འབྱེད་རྒྱུ་རེད། 

    བདེ་ཆེན་ཁུལ་དངོས་མང་བཤམས་སྟོན་ཁང་གི་འགོ་དཔོན་གཞོན་པ་ཕན་ཞའོ་ཆིན་གྱིས་ཐེངས་འདིའི་འགྲེམས་སྟོན་བརྒྱུད་ཁྲུའུ་ཞུང་མི་དམངས་ཚོས་ཚོན་མདོག་རྣམ་པར་བཀྲ་བའི་གྱོན་ཆས་བརྒྱུད་བདེ་ཆེན་གྱི་ལོ་རྒྱུས་ཀྱི་འགྱུར་ཁུག་ཉན་ནས་ལག་རྩལ་རྩེར་སོན་གྱི་རྒྱན་ཆ་ལ་ལྟ་བཞིན་སེམས་ཀྱི་ཉི་ཟླའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བརྩེ་སེམས་མྱོང་ཚོར་བྱས་ཏེ་ས་གནས་གཉིས་པོའི་དམངས་སྲོལ་རིག་གནས་སྤེལ་རེས་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་དེའི་ཁྲོད་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་གསོག་འཇོག་དང་མཛེས་དཔྱད་ཀྱི་འདོད་ཕྱོགས་འཚོལ་ཞིབ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།