བརྩེ་བ་དྲོན་མོ་ཉི་ཤར་སློབ་ཆུང་དུ་བསྐྱལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་ཆར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཉི་ཤར་སློབ་ཆུང་དུ་ཞལ་འདེབས་འབུལ་མཁན་ཡུལ་དངོས་སུ་ཐོན་མེད་ལ།འགོ་ཁྲིད་ཀྱིས་གཏམ་བཤད་ཀྱང་མ་སྤེལ་བར།དགེ་སློབ་ཀྱི་གཏམ་བཤད་དང་ཁྱིམ་བདག་ཞུགས་པའི་དམིགས་བསལ་གྱི་ཞལ་འདེབས་མཛད་སྒོ་ཞིག་སྤེལ་བ་རེད།

    ཉི་ཤར་སློབ་ཆུང་གི་སློབ་སྤྱི་གཞོན་པ་ཀྲུང་ཧུའུ་ཡིས་དགེ་རྒན་ལི་ཧུའེ་ཡིས་རང་སློབ་གྲྭར་སློབ་སྐྱོར་བྱེད་པར་ཡོང་ཚུན་ང་ཚོའི་སློབ་གྲྭར་དོན་དངོས་ཀྱི་ལས་ཀ་མང་པོ་ལས་ཡོད།མོས་ང་ཚོའི་དགེ་རྒན་ལ་སློབ་ཁྲིད་ཀྱི་ཉམས་མྱོང་ཁྲིད་པ་མ་ཟད།སློབ་ཕྲུག་ཚོའི་སློབ་སྦྱོང་བྱེད་སྟངས་ཀྱང་ལེགས་སུ་བཏང་བ་དང་།ད་དུང་རྟག་ཏུ་སློབ་ཕྲུག་ཚོའི་འཚོ་བ་ལེགས་སུ་གཏོང་ཆེད་ཕྱོགས་བཞི་མཚམས་བརྒྱད་ཀྱི་མཐུན་སྦྱོར་དང་འབད་བརྩོན་བྱས་པ་བརྒྱུད་སློབ་གྲྭ་ཡོངས་ཀྱི་སློབ་ཕྲུག་355ཚང་མར་དགུན་དུས་ཀྱི་གྱོན་ཆས་རེ་ཞལ་འདེབས་བརྒྱབ་པ་རེད་ཅེས་བཤད་བྱུང་། ཁུན་མིང་གྲོང་ཁྱེར་ཞུན་ཏན་རྫོང་རེན་ཏེ་སློབ་ཆུང་དང་པོ་ནས་ཡིན་པའི་དགེ་རྒན་ལི་ཧུའེ་ནི་ཁག་བདུན་པའི་ཡུན་ནན་ཞིང་ཆེན་སློབ་གསོ་ཐིང་གི“ཆུས་གསུམ་ཁུལ་གསུམ”གྱི་སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཁ་གཏད་རོགས་སྐྱོར་གྱི་སློབ་སྐྱོར་དགེ་རྒན་ཞིག་ཡིན།མོས་ཁོར་ཡུག་ལེགས་པའི་ས་ཆ་ནས་རང་བྱུང་གི་གནམ་གཤིས་ཞན་པའི་ས་མཐོར་སློབ་སྐྱོར་བྱེད་པར་ཡོང་བ་དང་།ཁོ་མོས་ས་མཐོའི་ཁོར་ཡུག་གི་དཀའ་ཚེགས་ལ་འཁང་ར་མི་བྱེད་པ་མ་ཟད།ད་དུང་ཐབས་ཤེས་ཡོད་རྒུས་སློབ་གྲྭ་དང་སློབ་མ་ཚོར་བྱ་བ་དངོས་སྒྲུབ་ཀྱི་ཡོད།

    ལི་ཧུའེ་ཡིས་ང་ལ་ཕུགས་བསམ་ཞིག་ཡོད་པ་ནི་ངེས་པར་དུ་ཕྲུ་གུ་ཚོར་དོན་བཟང་ཞིག་སྒྲུབ་འདོད།ཕྱོགས་མང་པོའི་ཐད་འབད་བརྩོན་དང་འབྲེལ་གཏུག་བྱས་པ་བརྒྱུད་ངས་ཐེང་ཤུན་སྤྱི་ཕན་གྱི་གཅེས་སེམས་ལྭ་སྒྲོམ་ཞེས་པའི་ཀྲུང་ཧྭ་སྤྱི་ཚོགས་རོགས་སྐྱོབ་ཐེབས་རྩ་ལྷན་ཚོགས་དང་།ལིན་སེན་ཟོག་འགྲེམས(སྐུ་ཞབས་ཀྲང་ཅ་ཀེང་།)སྤྱི་ཚོགས་ཐོག་གི་གཅེས་སེམས་མི་སྣ་དང་གྲོགས་པོ་ཚོའི་རོགས་རམ་དང་ཞལ་འདེབས་འོག་སློབ་གྲྭ་ཡོངས་ཀྱི་སློབ་མ་355ཚང་མར་དགུན་དུས་ཀྱི་གྱོན་ཆས་ཤིག་རག་ཐབས་བྱེད་ཀྱི་ཡོད། བྱ་བ་དེ་གཏན་འཁེལ་བྱེད་སྐབས་ངའི་མིག་ཀོང་བརླན་པར་གྱུར་ནས་ཉི་ཤར་སློབ་ཆུང་ལ་རང་ཉིད་ཀྱི་ནུས་པ་ཕྲན་བུ་འདོན་ཐུབ་པས་ཧ་ཅང་དགའ་པོ་བྱུང་ཞེས་བཤད་པ་རེད།

སློབ་མའི་འཐུས་མི་བློ་བཟང་དངོས་གྲུབ་ཀྱིས་གཏམ་བཤད་གནང་སྐབས་ང་ཚོར་རོགས་རམ་དང་གཅེས་སྐྱོང་གནང་བའི་གཅེས་སེམས་མི་སྣ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ང་ཚོས་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱས་ནས་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པའི་མི་ཞིག་བྱས་ཏེ་ང་ཚོས་ངེས་པར་དུ་གཅེས་སེམས་བརྒྱུད་སྤྲོད་བྱེད་ཀྱི་ཡིན་ཞེས་བཤད་པ་རེད། སྤྱི་ཚོགས་ལས་རིགས་ཁག་གིས་སྤོབས་པ་ཆེར་བསྐྱེད་དང་གཅེས་སེམས་མཚོན་པའི་བླ་ན་མེད་པའི་བྱ་སྤྱོད་དེ་སློབ་ཕྲུག་ཚོའི་སེམས་ནང་རྩ་བ་ཚུགས་པ་དང་མྱུ་གུ་འབུས་པ་དེས་སློབ་ཕྲུག་ཚོའི་སློབ་སྦྱོང་ལ་འབད་བརྩོན་དང་འབད་འབུངས་ཡར་བརྩོན་བྱས་ནས་རྒྱང་རིང་གི་ཕུགས་བསམ་གཏོད་པའི་སྤྲོ་སེམས་སྔར་བས་འཕེལ་བར་བྱས་པ་རེད།

    རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་ཞལ་འདེབས་འབུལ་པའི་གཅེས་སེམས་ལྭ་སྒྲོམ་གྱི་དགུན་ཆས་ཁྱོན་355ཡོད་པ་དང་རིན་ཐང་སྒོར་ཁྲི་7ལྷག་ཙམ་ཟིན་ཡོད་པ་རེད། སློབ་གྲྭའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ལི་ཞའོ་ཧྭ་ཡིས་ཐེངས་འདིར་ཞལ་འདེབས་འབུལ་པའི་དགུན་ཆས་ཀྱི་སྤུས་ཚད་དང་རིམ་པ་ཚང་མ་མཐོ་བ་དང་ཚོས་གཞི་གཅིག་གྱུར་ཡིན་པ་མ་ཟད།སློབ་གྲྭའི་གཅིག་གྱུར་གྱོན་ཆས་ཀྱི་བླང་བྱ་དང་ཡང་མཐུན་ཡོད།སྤྱི་ཚོགས་ལས་རིགས་ཁག་དང་གཅེས་སེམས་ཁེ་ལས་ཀྱིས་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་དུས་མཚུངས་དགེ་རྒན་ལི་ཧུའེ་ཡིས་ལེགས་སྐྱེས་ཕུལ་བར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།