ཚད་ལྡན་གྱི་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུའི་MVགསར་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-04   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།


    གསར་དུ་བཟོ་བཅོས་བྱས་པའི་རྒྱལ་དར་བཅའ་ཁྲིམས་དང་རྒྱལ་རྟགས་བཅའ་ཁྲིམས་ནི་སྤྱི་ལོ་2021ལོའི་ཟླ་1པོའི་ཚེས1ཉིན་ནས་ལག་བསྟར་བྱས་ཤིང་། ད་ལྟ་རྒྱལ་དར་དང་རྒྱལ་རྟགས་ཀྱི་རི་མོའི་ཚད་ལྡན་པར་གཞི་ཀྲུང་གོ་སྲིད་གཞུང་དྲ་བའི་(www.gov.cn)སྟེང་ནས་ཕབ་ལེན་བྱས་ཆོག

རྒྱལ་དར་རི་མོའི་ཚད་ལྡན་པར་གཞི།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་བཅའ་ཁྲིམས་ལས་གཏན་འབེབས་བྱས་པ་ལྟར་ན།

  • རྒྱལ་ཁབ་ཀྱིས་སྤྱི་དམངས་དང་རྩ་འཛུགས་ཀྱིས་ལུགས་མཐུན་གྱི་ཁོར་ཡུག་ནས་རྒྱལ་དར་དང་དེའི་རི་མོ་བེད་སྤྱོད་བཏང་ནས་རྒྱལ་གཅེས་བརྩེ་སེམས་མཚོན་པར་བྱེད་པའི་བྱ་སྤྱོད་དར་སྤེལ་གཏོང་བཞིན་ཡོད།

  • སྤྱི་དམངས་དང་རྩ་འཛུགས་ཀྱིས་དྲ་རྒྱའི་ཁྲོད་རྒྱལ་དར་གྱི་རི་མོ་བེད་སྤྱོད་གཏོང་ཚེ་འབྲེལ་ཡོད་དྲ་རྒྱའི་དོ་དམ་དང་སྒྲིག་སྲོལ་བརྩི་སྲུང་བྱ་དགོས་པ་ལས་རྒྱལ་དར་གྱི་ལ་རྒྱར་གནོད་སྐྱོན་བཟོ་མི་རུང་།

  • རྒྱལ་དར་དང་དེའི་རི་མོ་ཚོང་རྟགས་དང་ཆེད་ཁེ་བདག་དབང་གི་ཕྱི་ཤུབས་ཇུས་འགོད། ཚོང་ལས་བརྡ་ཁྱབ་བཅས་སུ་བེད་སྤྱོད་གཏོང་མི་རུང་བ་དང་། མི་སྒེར་གྱི་འདས་མཆོད་བྱེད་སྒོ་སོགས་ལུགས་མཐུན་མིན་པའི་གནས་ཚུལ་སྐོར་ལའང་བེད་སྤྱོད་གཏོང་མི་ཆོག

རྒྱལ་རྟགས་རི་མོའི་ཚད་ལྡན་པར་གཞི།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་བཅའ་ཁྲིམས་ལས་གཏན་འབེབས་བྱས་པ་ལྟར་ན།

རྒྱལ་རྟགས་དང་དེའི་རི་མོ་གཤམ་གསལ་དོན་ཚན་སྐོར་ལ་བེད་སྤྱོད་གཏོང་མི་རུང་།

  1. ཚོང་རྟགས་དང་ཆེད་ཁེ་བདག་དབང་གི་ཕྱི་ཤུབས་ཇུས་འགོད། ཚོང་ལས་བརྡ་ཁྱབ།

  2. ཉིན་མཁོའི་དངོས་རྫས་དང་རྒྱུན་ལྡན་འཚོ་བའི་སྒྲིག་ཆས་བཀོད་སྒྲིག

  3. མི་སྒེར་གྱི་རྟེན་འབྲེལ་མཛད་སྒོ་དང་འདས་མཆོད་བྱེད་སྒོ།

  4. རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་རྒྱལ་དར་དང་དེའི་རི་མོ་བེད་སྤྱོད་གཏོང་མི་ཆོག་པ་གཏན་འབེབས་བྱས་པའི་གནས་ཡུལ་གཞན་དག

རྒྱལ་གླུའི་MVཔར་གཞི་གསར་པ།

     སྤྱི་ལོ་2021ལོའི་ཟླ་1པའི་ཚེས1ཉིན་རྒྱལ་གླུའི་MVཔར་གཞི་གསར་ཤོས་འགྲེམ་སྤེལ་བྱས་པ་དང་། བརྙན་རིས་དང་པར་ངོས་རེ་རེར་གསོན་ཤུགས་དང་མཚར་སྡུག་གིས་ཁེངས་པས་ཡིད་སེམས་དབང་མེད་དུ་འཕྲོག་ནུས་པ་ཞིག་རེད།