གླག་འདབ་དཀར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    གླག་འདབ་དཀར་ནི་གླག་རྒོད་རིགས་ཀྱི་འདབ་ཆགས་ཆེན་པོ་ཞིག་ཡིན། གཟུགས་པོའི་རིང་ཚད་ལ་ཕལ་ཆེར་ལི་སྨི་80ཡོད།ལུས་ཀྱི་སྒྲོ་ནི་སྨུག་ནག་ཡིན་པ་དང་།མགོ་དང་སྐེ་ཅུང་སྐྱ་བོ་ཡིན།ཕྲག་པར་དཀར་ཁྲ་དང་།ཁ་དོག་སྨུག་པོའི་ལུས་ཀྱི་སྒྲོ་ནི་ཧ་ཅང་མངོན་གསལ་ཡིན་པས།རྒྱང་རིང་ནས་ཀྱང་མཐོང་ཐུབ།འདི་ནི་འདབ་ཆགས་ཆེན་པོ་གཞན་དང་དབྱེ་བ་འབྱེད་པའི་ཁྱད་ཆོས་གཙོ་བོ་ཡིན།གཡེང་འཕུར་གྱི་དུས་སུ་གཤོག་པ་གཉིས་དྲང་ཞིང་མཉམ་ལ།དུས་མཚུངས་སུ་འཕུར་བའི་དུས་སུ་རྔ་སྒྲོ་ཤིན་ཏུ་དམ་ཞིང་ཁ་མ་ཐོར་བས་རྔ་ཐུང་དུ་མངོན།བྱིའུ་ཕྲུག་གི་མགོ་ལྤགས་ཁམ་སེར་དང་།རྒྱབ་ཏུ་ཁྲ་ཐིག་སེར་པོ་ཡོད་ཅིང་།འཕུར་སྐབས་རྔ་མའི་ཁ་གྲམ་ནས་རླུང་གཡབ་ཀྱི་དབྱིབས་སུ་གྲུབ་ཡོད། 

    གླག་འདབ་དཀར་དགུན་སྐྱེལ་སྐབས་ཧྲུའུ་ལིན་ཁུལ་དུ་འཚོ་རྒྱུར་དགའ་བ་དང་ལྷག་པར་དུ་མཉམ་བསྲེས་ནགས་ཚལ་དང་ལོ་མ་ཆེ་བའི་ནགས་ཚལ་ལ་དགའ་པོ་ཡོད་པས་རྟག་ཏུ་ཁེར་རྐྱང་ངང་འཕུར་བསྐྱོད་དང་།ཡང་ན་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་པ་དང་།ཡང་ན་དུས་ཡུན་རིང་བོར་རྒྱ་ཆེ་བའི་ས་ཁུལ་གྱི་ཁེར་རྐྱང་གི་ཤིང་སྡོང་ངམ་བྲག་རྡོ་དང་ས་ངོས་སུ་འཕུར་སྐྱོད་བྱེད་པ།གཙོ་བོ་མཆེ་མེད་རིགས་དང་།རི་བོང་།དེ་ཕོ།བྲག་བྱ།སྲེག་ཆུང་དང་།ངང་པ།བྱ་ཁྲའི་རིགས་སོགས་འོ་འཐུང་སྲོག་ཆགས་དང་འདབ་ཆགས་ཆུང་འབྲིང་རིགས་ཟ་བ་རེད། 

    མོ་ཞི་ཁོ་དང་སི་ཕེན་སོགས་ནུབ་བྱང་ཨ་ཧྥེ་རི་ཁ་དང་།ཡོ་རོབ་ལྷོ་མ་དང་ཡོ་རོབ་ཤར་མ་ནས་པེ་ཅའར་མཚེའུ།དབྱི་རན་གྱི་ཤར་བྱང་རྒྱུད།རྒྱ་གར་གྱི་བྱང་རྒྱུད།ཀྲུང་གོ་བཅས་སུ་རྒྱུད་སྤེལ་བྱས།ཨ་ཧྥེ་རི་ཁའི་བྱང་ཤར་རྒྱུད་དང་རྒྱ་གར་དུ་དགུན་སྐྱེལ་ཞིང་།མཚམས་རེར་ཁྲའོ་ཞན་དང་ལྗར་པན་དུ་འབྱོར་གྱི་ཡོད།

    གླག་འདབ་དཀར་ནི་སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་རྒྱུན་དུ་མཐོང་རྒྱུ་དཀོན་པའི་བྱ་རིགས་ཤིག་ཡིན་ལ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་པ་ཡིན།