བདེ་ཆེན་སེམས་ཀྱི་ཉི་ཟླས2021ལོའི་དམངས་ཡོངས་ལུས་སྦྱོང་གི་ལོ་གསར་རྒྱུག་རེས་འགྲན་བསྡུར་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


    2021ལོའི་ཟླ1པོའི་ཚེས1ཉིན།  བདེ་ཐང་ཀྲུང་གོ་འགུལ་སྐྱོད་བྱེད་པ་དང་ལག་ཟུང་སྦྲེལ་ནས་ལམ་བུ་གསར་བར་བསྐྱོད་པ་ཞེས་པའི་བདེ་ཆེན་སེམས་ཀྱི་ཉི་ཟླའི2021ལོའི་དམངས་ཡོངས་ལུས་སྦྱོང་གི་ལོ་གསར་རྒྱུག་རེས་འགྲན་བསྡུར་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་བསྡུས་པ་རེད།   སྤྱི་ཚོགས་ལས་རིགས་ཁག་ནས་ཡོང་བའི་རུ་ཁག་22ཀྱི་མི་སྣ5000ལྷག་གིས་དགའ་སྤྲོའི་ཀློང་ནས་རྒྱུག་རེས་བྱས་ཏེ་ལོ་གསར་བ་ཞིག་ཚུར་ལ་བསུ་མ་བྱས་ཡོད་པ་རེད། 

      ཞོགས་པའི་ཆུ་ཚོད་བརྒྱད་སྟེང་གྲོང་མི་ཚོས་ཞོགས་པའི་ཉི་གཞོན་བསུ་ཞོར་སྔ་ཕྱིར་དུ་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་འཛོམས་པ་དང་།   ཕན་ཚུན་ལ་ལོ་གསར་གྱི་འཚམས་འདྲི་གནང་ཞོར་རྒྱུག་རེས་ལ་གྲ་སྒྲིག་བྱེད་པ་དང་གང་སར་ཉམས་དགའ་བའི་སྣང་བ་ཞིག་གིས་གང་སར་ཁྱབ་འདུག  



    ཆུ་ཚོད་དགུའི་ཐོག     རྒྱུག་རེས་འགྲན་བརྡ་བཏང་མ་ཐག     ལས་ཁུངས་ཀྱི་ལས་བྱེད་པ་དང་།    ཁེ་ལས་ཀྱི་ལས་བཟོ་བ།   དམག་དཔུང་གི་དམག་མི།     རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་ཕྲེང་རིམ་སྒྲིག་ཞོར་ཟླ་འོད་ཐང་ཆེན་ནས་གནའ་གྲོང་བརྒྱུད་པ་དང་།    རྒྱང་བསྐྱོད་ལམ་ཆེན་བརྒྱུད་དེ་ཟངས་རྟ་ནས་ཕྱིར་ཉི་སེར་ཐང་ཆེན་བར་དུ་ཐོན་ཡོད།    སྤྱིར་ན་ཉིན་དེར་གྲང་ངར་ཆེ་ཞིང་ལ་ལས་ལུས་ཤུགས་ཀྱིས་མི་ལྕོགས་ནའང་དགའ་སྣང་དང་བརྩོན་སེམས་བཅང་སེམས་ལམ་ཐག་ཧྲིལ་བོར་བསྐྱོད་ཡོད། 



    ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་ཀ་ཡག་པོར་སྒྲུབ་ཆེད།   ཐེངས་འདིའི་རྒྱུག་རེས་འགྲན་བསྡུར་གྱི་ཡུལ་དངོས་སུ་སྤྱི་བདེ་དང་མེ་འགོག   སྨན་དོན་མི་སྣ།   དང་བླངས་པ་སོགས་ཀྱིས་རང་འགན་ལེགས་པར་སྲུང་ཡོད་ཅིང་།   རྒྱུག་རེས་མ་བྱས་པའི་སྔོན་ལ་དུག་སེལ་དང་།    འགྲན་ཞུགས་པ་རྣམས་ཀྱིས་བདེ་ཐང་ཨང་རྟགས་བཤེར་བ།   ལུས་པོའི་དྲོད་ཚད་འཇལ་ནས་འགྲན་རེས་ནང་ཞུགས་པ་དང་།   འགྲིམ་འགྲུལ་དོ་དམ་སོགས་བྱས་ནས་གང་ལེགས་ཀྱིས་བྱེད་སྒོ་ལ་བདེ་འཇགས་དང་བདེ་ཐང་ཡིན་པའི་ཁོར་ཡུག་ཅིག་བསྐྲུན་ཡོད་པ་རེད།