མཁྲིས་པའི་ནུས་པ་དང་ནད་གཞི།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-03   རྩོམ་ཁུངས།    ཡོངས་འཛིན།

དང་པོ།  མཁྲིས་པའི་ནུས་པ། 

མཁྲིས་པ་ནི་སྣོད་དྲུག་གི་ནང་ཚན་ཞིག་ཡིན་ལ། སྣོད་ཀྱི་ཚུགས་ཀ་ཡིན་པ་དང་། མཆིན་པའི་རྒྱབ་ལོགས་སུ་ཡོད་ཅིང་། མཆིན་པ་དང་སྦྲེལ་ནས་ཡོད། ཡང་མཆིན་པ་དང་མཁྲིས་པ་གཉིས་ཀྱི་ཁྲག་རྩ་ཐམས་ཅད་ཕན་ཚུན་སྦྲེལ་ནས་ཡོད་ལ། དེ་གཉིས་ཀྱི་བྱེད་ནུས་གཙོ་བོ་ནི་མཁྲིས་ཁུ་ཉར་ཚགས་དང་ཕྱི་རུ་གདོན་པ་དེ་ཡིན་ཞིང་། ཟས་ཀྱི་འཇུ་སྟོབས་ལ་ཡང་ཤིན་ཏུ་ཕན།

༡ མཁྲིས་ཁུ་ཉར་ཚགས།

ཟས་འཇུ་སྐབས་དབང་རྩའི་སྙོམས་སྒྲིག་བརྒྱུད་ནས། མཁྲིས་པའི་སྦུ་གུ་སྤྱིའི་སྡོམ་བྱའི་ཤ་གནད་འཁུམ་པ་དང་། མཁྲིས་སྣོད་ཆེ་རུ་ཕྱིན་པ། མཁྲིས་ལམ་དུ་གནོན་ཤུགས་འབྱུང་བ་བཅས་ཡིན་ཞིང་། མཁྲིས་ཁུ་ནི་གནོན་ཤུགས་ཀྱི་དབང་གིས་མཁྲིས་སྣོད་དུ་ཞུགས་པ་ཡིན་ལ། མཁྲིས་ཁུ་ཉར་ཚགས་ཀྱི་དུས་ནི་གཙོ་བོ་མཚན་མོ་གསུས་ཁོག་སྟོང་བ་ཡིན་པའི་སྐབས་ཡིན་མོད། འོན་ཀྱང་སྡོམ་བྱའི་ཤ་གནད་ཀྱི་སྒོ་ཡོངས་སུ་མ་གཏན་པ་ཡིས། སྔར་བཞིན་མཁྲིས་ཁུ་ཉུང་ཙམ་ཞིག་རྒྱུ་ནག་ཏུ་ཞུགས་སྲིད།

༢ མཁྲིས་ཁུ་ཕྱིར་འདོན།

མཁྲིས་སྣོད་དུ་མཁྲིས་ཁུ་ཕྱིར་འདོན་པ་ལ་མཁྲིས་སྣོད་དང་མཁྲིས་པའི་སྦུ་གུ་སྤྱིའི་སྡོམ་བྱའི་ཤ་གནད་གཉིས་ཕན་ཚུན་རམ་འདེགས་ཀྱི་ཚུལ་དུ་གནས་ཤིང་། མཁྲིས་ཁུ་ཕྱིར་འདོན་པའི་དུས་སུ་མཁྲིས་སྣོད་ཀྱི་འཇམ་འདྲེད་ཤ་སྒྲིམ་འཁུམ་པ་དང་། སྡོམ་བྱའི་ཤ་གནད་ལྷོད་པོར་འགྱུར་བ་ཡིན།

ཟ་མ་ཟོས་ནས་དུས་ཡུན་ཆུ་ཚོད་སྐར་མ་༡གི་རྗེས་སུ། མཁྲིས་སྣོད་ཀྱི་གནོན་ཤུགས་མཐོ་རུ་འཕར་བ་ཡིན་ལ། དེའི་རྗེས་ཀྱི་དུས་ཡུན་ཆུ་ཚོད་སྐར་མ་༢ཀྱི་ནང་དུ་མཁྲིས་ཁུ་རྒྱུ་སོར་བཅུ་གཉིས་སུ་བཞུར་བ་ཡིན་ཞིང་། དེའི་རྗེས་ནས་མཁྲིས་སྣོད་ཀྱི་གནོན་ཤུགས་དམའ་རུ་ཕྱིན་ནས། མཁྲིས་ཁུ་བཞུར་བ་མཚམས་ཆད་པ་ཡིན། ཡང་དུས་ཡུན་ཆུ་ཚོད་སྐར་མ༧གྱི་རྗེས་སུ། ཟ་མ་རྒྱུ་སོར་བཅུ་གཉིས་སུ་ཞུགས་སྐབས། ཡང་བསྐྱར་མཁྲིས་ཁུ་འབྱུང་བ་ཡིན།

གཉིས་པ། ནད་གཞི། 

༡ མཁྲིས་ལམ་གནོན་ཤུགས་སྙོམས་སྒྲིག

མཁྲིས་སྣོད་ལ་མཁྲིས་ལམ་གྱི་གནོན་ཤུགས་སྙོམས་སྒྲིག་གི་ནུས་པ་ཆེན་པོ་ལྡན་ལ། མཁྲིས་པའི་སྦུ་གུ་སྤྱི་ཁེགས་ནས་ཆུ་ཚོད་༤ཡི་ནང་དུ་མཁྲིས་ལམ་གནོན་ཤུགས་མཐོ་རུ་འགྲོ་མི་སྲིད་མོད། འོན་ཀྱང་མཁྲིས་སྣོད་བཅད་པའི་རྗེས་སུ་མཁྲིས་པའི་སྦུ་གུ་སྤྱི་ཆེ་རུ་ཕྱིན་པ་ཡིན་ཞིང་། མཁྲིས་པའི་སྦུ་གུ་སྤྱིའི་སྡོམ་བྱའི་ཤ་གནད་ཀྱི་ནུས་པ་ཡང་ཉམས་འགྲོ་བ་རེད་ལ། མཁྲིས་པའི་སྦུ་གུའི་ནང་ངོས་ཇེ་མཐུག་ཏུ་འགྲོ་བ། འབྱར་ཁུའི་རྨེན་གཟུགས་མང་དུ་འགྲོ་བ་བཅས་ཀྱིས་མཁྲིས་ཁུ་མང་བོ་རྒྱུ་མར་ཟགས་པར་ཕན།

༢ མཁྲིས་སྣོད་གཉན་ཚད།

མཁྲིས་སྣོད་གཉན་ཚད་ནི་འབུ་ཕྲ་རང་བཞིན་གྱི་རེད་པའམ་རྫས་འགྱུར་རང་བཞིན་གྱི་ཟུག་གཟེར་གྱིས་བསྐྱེད་པའི་མཁྲིས་སྣོད་གཉན་ཚད་རང་བཞིན་གྱི་ནད་འགྱུར་ཞིག་ཡིན་ལ། མཁྲིས་སྣོད་ཀྱི་རྒྱུན་མཐོང་ནད་རིགས་ཤིག་ཀྱང་ཡིན། གསུས་ཁོག་གི་ཕྱི་ནད་ཚན་ཁག་ཁྲོད་དུ་ནད་ཀྱི་འབྱུང་ཚད་ཆེས་མཐོ་བ་ནི་རྒྱུ་ལྷག་ཡིན་པ་དང་། མཁྲིས་སྣོད་གཉན་ཚད་ནི་དེའི་འཕྲོ་ཡིན། ཡང་ནད་དེ་ནི་མང་ཆེ་བ་ལོ་༣༥-༥༥ཡི་ཡན་གྱི་མི་ལ་འབྱུང་ཞིང་། སྐྱེས་མར་འབྱུང་བའི་ཚད་ནི་སྐྱེས་པ་ལས་མང་བ་ཡིན་ལ། ལྷག་པར་དུ་ཤ་རྒྱགས་པའི་མི་དང་ཐེངས་མང་བོར་མངལ་སྦྲུམ་པའི་བུད་མེད་ལ་འབྱུང་བ་ཡིན།

༣ མཁྲིས་རྡོ།

མཁྲིས་རྡོ་ལ་མཁྲིས་པའི་རྡེའུ་སྐྲན་གྱི་ནད་དམ་མཁྲིས་རྡོའི་ནད་རྟགས་ཀྱང་ཟེར་ལ། མཁྲིས་ལམ་མ་ལག་གི་རྒྱུན་མཐོང་གི་ནད་ཀྱི་རིགས་ཤིག་ཡིན་པར་མ་ཟད། མཁྲིས་སྣོད་རྡེའུ་སྐྲན་དང་མཁྲིས་པའི་སྦུ་གུའི་རྡེའུ་སྐྲན་གྱི་སྤྱི་མིང་ཡང་ཡིན། དེ་ཡང་མཁྲིས་རྡོ་ལ་ནི་སྔོན་འགོག་གི་བྱ་བ་གཙོ་བོར་བསྒྲུབ་དགོས་ཤིང་། མཁྲིས་ནད་བྱུང་བའི་རྗེས་སུ་མྱུར་མོར་སྨན་བཅོས་བྱ་དགོས།