སྤྱི་ལོ་2020ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-02   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རྒྱང་སྒྲོག

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྤྱི་ལོ་2020ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ་ཁྱབ་བསྒྲགས་བྱས་པ།

དང་པོ། ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་འགོས་ཁྱབ་བྱུང་བ་དང་ཚན་རིག་ལ་བརྩི་མཐོང་དང་མཐུན་སྒྲིལ་ལ་བརྟེན་ནས་རིམས་འགོག་བྱ་རྒྱུ་དེ་རྒྱལ་སྤྱིའི་ཐུན་མོང་ངོས་འཛིན་དུ་གྱུར་བ།

གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ངོ་75འཁོར་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་ཀྱིས་གོ་ལ་ཧྲིལ་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་འབོད་བྱས་པ།

གསུམ་པ། འཛམ་གླིང་དཔལ་འབྱོར་ལ་བརྡབ་གསིག་ཆེན་པོ་ཕོག་པ་དང་། ཀྲུང་གོ་ཉིད་དཔལ་འབྱོར་དངོས་འཕར་བྱུང་བའི་དཔལ་འབྱོར་མ་ལག་གཙོ་བོ་ཉག་གཅིག་དེར་གྱུར་བ།  

བཞི་པ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་15ཡིས་ས་ཁོངས་ཁྱོན་ཡོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་ལ་མིང་རྟགས་བཀོད་པ་དང་། ས་ཁོངས་རང་མོས་ཉོ་ཚོང་མཉམ་ལས་ཀྱིས་འཛམ་གླིང་དཔལ་འབྱོར་ལ་སེམས་ཤུགས་སྦྱིན་པ།

ལྔ་པ། ཨ་རིས་དབྱི་རན་ལ་ཚད་ལས་འདས་པའི་གནོན་ཤུགས་སྤྲད་པ་དེས་དབུས་ཤར་ས་ཁུལ་གྱི་དུས་བབ་དང་སྒྲིག་ལམ་ལ་ངེས་གཏན་མེད་པའི་རྒྱུ་རྐྱེན་མང་དུ་སོང་བ།

དྲུག་པ། ཕ་རི་སིའི་གྲོས་ཆོད་བཞག་ནས་ལོ་ལྔ་སོང་རིང་། ཀྲུང་གོས་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་ནང་ཧུར་ཐག་ཞུགས་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་བ།

བདུན་པ། ཨ་ཧྥེ་རི་ཁ་གླིང་གི་རང་མོས་ཉོ་ཚོང་ཁུལ་གྱི་ཉོ་ཚོང་འགོ་ཚུགས་པ་དང་། ཨ་ཧྥེ་རི་ཁ་གླིང་གཞི་གཅིག་ཅན་ལ་ལམ་ཚད་རྡོ་རིང་ལྟ་བུའི་འཕེལ་རིམ་བཟང་པོ་ཐོན་པ།


བརྒྱད་པ། རིགས་རྒྱུད་བར་འགལ་ཟླ་ཤོར་བ་དང་། ཏང་གཉིས་ཁ་གཏད་དུ་ལངས་པ། དབུལ་ཕྱུག་ཧེ་བག་ཆེ་བ་བཅས་ཀྱིས་ཨ་རིའི་སྤྱི་ཚོགས་ཁ་བྲལ་དུ་འགྲོ་ཚུལ་ཚབས་ཇེ་ཆེར་སོང་བ།


དགུ་པ། རྒྱལ་ཁབ་མང་པོས་ཟླ་བའི་གོ་ལ་དང་སྐར་མ་མིག་དམར་གྱི་འཚོལ་ཞིབ་ཚད་ལེན་ནང་ཞུགས་ཏེ་མིའི་རིགས་ཀྱིས་འཇིག་རྟེན་ཁམས་ལ་འཚོལ་ཞིབ་བྱེད་པའི་ལེའུ་གསར་པ་འགོ་བརྩམས་པ།

བཅུ་པ། ནཱ་ཁཱ་ས་ཁུལ་དུ་གདོང་གཏུག་ཤོར་བ་དང་། ཨ་སའེ་པའེ་ཅང་དང་ཡ་མེ་ཉི་ཡ་རྒྱལ་ཁབ་གཉིས་པོ་སྔར་བཞིན་མདུང་རྩེ་ཁ་གཏད་དུ་གནས་པ་བཅས་རེད།