ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་ཚོད་ལྟའི་ཤར་གཏོང་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

      ཟླ་12ཚེས་31ཉིན་གྱི་སྔ་དྲོ་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་ཚོད་ལྟའི་ཤར་གཏོང་བྱེད་པའི་མཛད་སྒོ་འཚོགས་ཤིང་།    དེས་ཡུན་ནན་བདེ་ཆེན་ལ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་མཚོན་ཡོད།

       ད་རེས་ཚོད་ལྟ་ཤར་གཏོང་བྱས་པའི་ལམ་དུམ་དེ་སེམས་ཀྱི་ཉི་ཟླ་ནས་ཁྲུང་ཅང་གཙང་བོ་དང་།   ཞུང་མགོ་ནས་པའེ་ཡང་ཧན་བར་གྱི་ལམ་དུམ་ཡིན་ཞིང་སྤྱིའི་རིང་ཚད་ལ་སྤྱི་ལེ75ཡོད།

       ཚོད་ལྟ་ཤར་གཏོང་བྱེད་པའི་དུས་ཚོད་ནི་ཁ་སང་གི་2020ལོའི་ཟླ་12ཚེས་31ཉིན་གྱི་ཆུ་ཚོད24:00ནས་བཟུང་ནས་དྲ་སྦྲེལ་གྱི་རིན་གོང་བསྡུ་བའི་ཉིན་མོའི་བར་ཡིན།
      སྔོན་མའི་དུས་སྐབས་ནང་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ས་ཚིགས་ལ་སེམས་ཀྱི་ཉི་ཟླའི་གྲོན་བསྡུ་ས་ཚིགས་དང་།  ཡངས་ཐང་གྲོན་བསྡུ་ས་ཚིགས།    ཁྲུང་ཅང་གཙང་བོའི་གྲོན་བསྡུ་ས་ཚིགས།   ཞུང་མགོ་གྲོན་བསྡུ་ས་ཚིགས་བཅས་ཡིན།  

      ཚོད་ལྟའི་ཤར་གཏོང་གི་བར་སྐབས་སུ།   ཏ་ལི་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་སེམས་ཀྱི་ཉི་ཟླའི་ཁ་ཕྱོགས་སུ་བསྐྱོད་ན་ཞུང་མགོ་གྲོན་བསྡུའི་ས་ཚིགས་ནས་འགྲོ་འོང་བྱས་ཆོག་ཅིང་།  ཞུང་མགོ་གྲོན་བསྡུའི་ས་ཚིགས་ཀྱིས་དེ་སྔའི་པའེ་ཧན་ཡང་གྲོན་བསྡུའི་ས་ཚིགས་ཀྱི་ཚབ་བྱས་ནས་ལམ་བར་གྱི་འགྲོ་འོང་གྲོན་དངུལ་བསྡུ་བ་རེད།   སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་ཞུང་མགོ་གྲོན་བསྡུའི་ས་ཚིགས་ནས་པའེ་ཧན་ཡང་ཕན་ཚུན་སྦྲེལ་མཐུད་ཟམ་པའི་ལམ་མཚམས་དང་།  སེམས་ཀྱི་ཉི་ཟླ་ནས་ཁྲུང་ཅང་གཙང་བོའི་ལམ་མཚམས་བར་འགྲོ་འོང་གི་གྲོན་དངུལ་མི་བསྡུ།  

       མཉམ་འཇོག     སེམས་ཀྱི་ཉི་ཟླའི་གཙོ་རྐང་ས་ཚིགས་ནས་ཁྲུང་ཅང་གཙང་བོའིགྲོན་བསྡུའི་ས་ཚིགས་བར་མི་གྲངས་བདུན་བསྡད་ཆོག་པའི་ལས་གཉེར་མ་ཡིན་པའི་དཀྱུས་མའི་འགྲུལ་སྐྱེལ་རླངས་འཁོར་མ་གཏོགས་འགྲོ་མི་ཆོག   མི་གྲངས་བདུན་ཡན་གྱི་འགྲུལ་སྐྱེལ་རླངས་འཁོར་དང་ཚོང་ཟོག་སྐྱེལ་འདྲེན་རླངས་འཁོར་སོགས་གནས་སྐབས་འགྲོ་འོང་བྱས་མི་ཆོག    དྲ་སྦྲེལ་གྲོན་དངུལ་བསྡུ་བའི་མ་ལག་ཚོད་ལྟ་བྱས་ནས་ལེགས་འགྲུབ་བྱུང་ཚར་བ་དང་འགྲོ་འོང་གི་ཆ་རྐྱེན་དང་མཚམས་པ་ཡིན་ན་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ལམ་སྒོ་འབྱེད་རྒྱུ་རེད།