རྒྱ་བྱ་བྲང་དཀར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      རྒྱ་བྱ་བྲང་དཀར་ནི་འདབ་ཆགས་ལས་བྱ་རིགས་ཚན་པའི་ཁོངས་སུ་གཏོགས་ཤིང་ཕོ་བྱའི་ལུས་པོའི་རིང་ཚད་ལ་ལི་སྨི་150ཙམ་ཡོད།  མགོ་དང་མགྲིན་པ་དང་བྲང་སྟོད་བཅས་ལ་ལྗང་ནག་གིས་ཕྱུག    སེར་ཤ་དོད་པའི་གཤོག་དབྱིབས་ཅུང་ཐུང་། དཀར་མདོག་གི་སྐེ་རྒྱབ་ནི་རླུང་གཡབ་ཀྱི་དབྱིབས་ལྟར་ཆགས་ཤིང་གཤོགས་འདབས་ནག་ཤས་འདྲེས།   རྒྱབ་དང་གཤོག་པ་གཉིས་ལ་ལྗང་ནག་ཤས་ཆེ་ཞིང་ལྟོ་བ་དཀར་ལ་སྐེད་པ་དམར།   མཇུག་སྒྲོ་རིང་ཞིང་མར་བཀུག      མོ་བྱ་ཡིན་ན་ལུས་པོའི་གཟུགས་གཞི་ཅུང་ཆུང་ཞིང་སྤྱིར་བཏང་ལི་སྨི60ཙམ་ཡོད།  ཁོག་སྟོད་ཡིན་ན་ནག་ཤས་དང་སེར་སྐྱ་འཕྲེད་ཀྱིས་བཅད་པའི་རི་མོ་མངོན།   མགྲིན་པ་དཀར་ཞིང་བྲང་ཁ་ཁམ་ནག་ཡིན།    རྩིབ་གཉིས་དང་མཇུག་སྣེའི་གཤོག་པར་སེར་ཤ་དང་ནག་མདོག་མངོན།  

       རྒྱ་བྱ་བྲང་དཀར་ནི་གཙོ་བོ་ཀྲུང་གོའི་ལྷོ་ནུབ་རི་ཁུལ་དུ་ཁྱབ་ཡོད་ཅིང་འབར་མའི་ཤར་བྱང་རྒྱུད་དུའང་མཐོང་རྒྱུ་ཡོད། རྒྱ་བྱ་བྲང་དཀར་ནི་ས་ངོས་མཐོ་ཚད་སྨི་1000མན་དང་ཡང་སྨི4000ཡོད་པའི་རི་སའི་སྔོ་ལྗང་ནགས་ཀློང་དུ་འཚོ་གནས་བྱེད་ཅིང་རི་འདབས་ཀྱི་ནགས་གསེང་དང་སྨྱུག་མའི་བར་གསེང་དུ་ཡང་འཚོ་གནས་བྱེད།   རྒྱུན་པར་སྐྱེ་དངོས་ཀྱི་མྱུ་གུ་དང་ལོ་མ།  མེ་ཏོག  སིལ་ཏོག   ས་བོན།   འབྲུ་རིགས་སོགས་ཁ་ཟས་སུ་བསྟེན།   ཤར་རྒྱུག་བྱེད་པར་མཁས་ཤིང་ནགས་ཀློང་ནས་ལྷགས་པར་མགྱོགས།  ཡིན་ཡང་འཕུར་སྐྱོད་བྱེད་པའི་ནུས་པ་ཅུང་ཞན།   ཉེན་ཁར་འཕྲད་དུས་མགྱོགས་པར་རྒྱུགས་པའམ་གབ་སྦས་བྱེད། གནས་ཚུལ་ཚབས་ཆེན་ལ་ཐུག་དུས་ད་གཟོད་སྡོང་མགོ་དང་རི་གཟེར་ནས་ཐུར་དུ་འཕུར་བ་སོགས་བྱེད།  

       རྔོན་པའི་ཚོགས་ཀྱི་བདའ་བ་དང་འཚོ་གནས་ལ་གཏོར་བརླག་ཐེབས་པས་རྒྱ་བྱ་བྲང་དཀར་འདི་སེམས་ཀྱི་ཉི་ཟླའི་ཡུལ་དུ་ཤིན་ཏུ་མཐོང་དཀོན་པ་ཞིག་ཡིན། བྱ་འདི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་པ་ཡིན།