ཨ་ཝ་ཡིས་སྲོལ་རྒྱུན་གྱི་ལག་རྩལ་ལ་བརྟེན་ནས་འཚོ་བར་འགྱུར་ལྡོག་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    ཟླ་བ་གཅིག་གི་དུས་ཚོད་ནང་ངས་པི་ཝང་50ལྷག་ཙམ་བཟོ་ཆོག    པི་ཝང་ལས་གཞན་ངས་ད་དུང་ཤིང་ཕོར་དང་རྩམ་སྒམ་ཡང་བཟོ་ཤེས།  ལོ་གཅིག་རིང་ཡོང་འབབ་སྒོར་ཁྲི་བརྒྱ་ཙམ་ལོན་ཐུབ་ཀི་ཡོད་ཅེས་ཨ་བའི་གཤིས་འཇམ་གྱི་ངོ་གདོང་ནས་འཛུམ་མདངས་འཕྱུར་བཞིན་གསར་འགོད་པར་སྐད་ཆ་དེ་འདྲ་བཤད་བྱུང་། ཨ་ཝ་ནི་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་མདོ་ཐང་གྲོང་གསར་ཚོ་ཆུང་གི་གྲོང་མི་ཡིན།   རྡོ་ཐང་གྲོང་ཚོར་སྲོལ་རྒྱུན་གྱི་སྐོར་བྲོ་འཁྲབ་རྒྱུ་ལས་གཞན་གནའ་སྔ་མོ་ནས་བཟུང་ཤིང་ཆས་བཟོ་བའི་སྲོལ་རྒྱུན་ཡོད།

    ཨ་ཝས་བཤད་ན་ཁོ་ཆུང་དུས་སྤོ་བོ་དང་ཨ་ཕའི་རྗེས་སུ་འབྲངས་ཏེ་ཤིང་ཕོར་དང་རྩམ་ཕོར་བཟོ་སྟངས་སྦྱངས་ནས་ད་ལྟའི་བར་དུ་རྒྱུན་མ་ཆད་པར་ལས་པ་ཡིན།    ད་ཆ་བུ་ཡང་ང་དང་མཉམ་དུ་ཤིང་ཕོར་དང་། རྩམ་སྒམ། པི་ཝང་བཅས་བཟོ་གི་ཡོད།   ཁོང་གི་ཁྱིམ་གྱི་ལག་རྩལ་ནི་མེས་པོས་བརྒྱུད་སྤྲོད་བྱས་པ་ཡིན་ཟེར།  

     གསར་འགོད་པས་ཨ་ཝ་ཚང་གི་སྒོ་རའི་ནང་དུ་ཤིང་ཕོར་དང་རྩམ་ཕོར་སོགས་སྣོད་ཅ་ལག་ཀྱིས་གང་སར་ཁེངས་ཡོད་པ་མཐོང་བྱུང་། ཨ་ཝས་པི་ཝང་བཟོ་བཞིན་ཡོད་པ་དང་ཁོང་གི་བུས་ཀྱང་འཕྲུལ་འཁོར་གྱི་འགྲམ་དུ་རྩམ་ཕོར་བཟོ་བཞིན་ཡོད། བལྟས་ཚོད་ཀྱིས་བུ་ཡང་སྔ་མོ་ནས་ལག་རྩལ་ལ་གོམས་ཡོད་པ་ཤེས་ཐུབ།   ལག་གི་གསེག་གྲིས་འཕྲུལ་འཁོར་གྱི་མཐའ་འཁོར་དུ་སྤུངས་བའི་ཤིང་གི་རྒྱུ་ཆ་གཞོག་པ་སོགས་བློ་རྩེ་གཅིག་ཏུ་བསྒྲིམས་པའི་རྣམ་འགྱུར་ཞིག་གང་ནས་བལྟས་ཀྱང་མངོན་ཡོད།   ཟམ་མི་ཆད་པར་རྡར་བ་དང་ལས་སྣོན་བྱས་པ་བརྒྱུད་རྩམ་སྒམ་གྱི་ཐོག་མའི་རྣམ་པ་རགས་ཙམ་ཆགས་བྱུང་།   

     ཨ་ཝ་ཡིས་དུས་རབས་ཀྱི་འཕོ་འགྱུར་དང་།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། འཛད་སྤྱོད་པས་ཤིང་ཕོར་དང་རྩམ་སྒམ་གྱི་དགོས་མཁོར་འགྱུར་ལྡོག་ཕྱིན་ཡོད་པ་མཁྱེན་ནས་ཁོང་གི་ལག་རྩལ་ཡང་གསར་གཏོད་མང་པོ་བྱས་ཡོད།      སྲོལ་རྒྱུན་གྱི་ཤིང་ཕོར་དང་རྩམ་སྒམ་བཟོ་བ་ཕུད། ཁོང་གིས་ད་དུང་ཇ་སྒམ་དང་སྒྲིག་ཆས་ཆུང་ངུ་སོགས་བཟོ་གི་ཡོད་མོད། འོན་ཀྱང་བཟོ་ཚད་ཆེས་མང་ཤོས་ནི་སྔར་བཞིན་པི་ཝང་ཡིན།    ཤིང་ཆའི་རི་མོ་དང་རྒྱུ་སྤུས་མི་འདྲ་བའི་རྐྱེན་གྱིས་གོང་ཆེས་སླ་ཤོས་ཀྱི་པི་ཝང་ཡང་སྒོར་ཆིག་སྟོང་ལ་བཙོང་ཐུབ་གི་ཡོད།   གོང་དཀའ་ཤོས་ནི་སྒོར་སྟོང་འགའ་ནས་ཁྲི་ཡན་ལ་བཙོང་ཐུབ་ཀི་ཡོད་པ་རེད།  

ཨ་ཝ་ཚང་ནི་ཀོང་རྩེད་ར་གྲོང་རྡལ་ནས་ཆུ་འཛོམས་གྲོང་ཚོ་བར་གྱི་གཞུང་ལམ་འགྲམ་དུ་ཆགས་ཡོད།    ཁོང་གིས་ལམ་འགྲམ་གྱི་ཁང་པ་ཞིག་ཚོང་ཁང་བཅོས་པ་དང་ཚོང་སྒྲོམ་ཐོག་ཤིང་ཕོར་དང་། རྩམ་སྒམ། པི་ཝང་སོགས་བསྒྲིགས་ཡོད། ཁོང་གི་ཚོང་ཁང་ནང་གི་ཤིང་ཕོར་དང་། རྩམ་སྒམ། པི་ཝང་བཅས་ཀྱི་རིན་གོང་སྒོར་ཉིས་བརྒྱ་སུམ་བརྒྱ་ནས་ཁྲི་ཡན་བར་ཡིན།   ཨ་ཝ་ཡིས་བཟོས་པའི་དངོས་པོའི་སྤུས་ཀ་ལེགས་པའི་རྐྱེན་གྱིས་ཚོང་ཟོག་ཚང་མ་སྤུས་ཀ་དང་རྒྱུ་ཆའི་རིན་གོང་ལྟར་ཁ་དན་ཚིག་གནས་ཀྱིས་གཉེར་སྐྱོང་བྱེད་ཀྱི་ཡོད་སྟབས་འཛད་སྤྱོད་པ་རྣམས་ཀྱིས་ཁོའི་ཚོང་ལས་ལ་བསྟོད་ངག་འཐེན་པ་དང་ཁོའི་ཚོང་གི་ཡོང་སྒོ་ཡང་ཇེ་བཟང་ནས་ཇེ་བཟང་རེད། ཨམ་ཕྲག་ཇེ་ཆེ་ནས་ཇེ་ཆེ་དང་འཚོ་བ་ཇེ་ཡག་ཏུ་འགྲོ་བཞིན་ཡོད།     

    མདོ་ཐང་གྲོང་ཚོའི་ནང་ཨ་ཝ་དང་འདྲ་བའི་ལག་རྩལ་པ་མང་པོ་ཡོད། ཁོང་ཚོས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དབུལ་པོའི་གནས་ལས་སྒྲོལ་ཏེ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།