བྱ་རམས་མདོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

བྱ་གཟིགས་སྒྲིག་འཛུགས་ཨུ་ལྷན་གྱིས་ནགས་ཕག་མཚོ་ནས་པར་བླངས།

     བྱ་རམས་མདོངས་ནི་འདབ་ཆགས་ལས་བྱ་རིགས་ཚན་པའི་ཁོངས་སུ་གཏོགས་ཤིང་ལུས་པོའི་རིང་ཚད་ལ་ལི་སྨི་48ཙམ་ཡོད།  ཕོ་བྱའི་མགོ་ལ་ལྗང་ནག་མངོན་ཞིང་གཤོག་པ་ཁམ་སྨུག་གི་མདངས་དང་ལྡན།   སྐེའི་ངོས་གཉིས་ལ་དཀར་ཆ་སྣང་།མོ་བྱ་ཡིན་ན་གཤོག་པ་ཁམ་སྨུག་གཙོ་ཆེ་བར་སྣང་།བྱ་རམས་མདོངས་ནི་ས་ངོས་མཐོ་ཚད་སྨི་1500ནས3600ཡོད་པའི་ལོ་འདབ་སྟུག་པའི་ནགས་ནང་དང་རི་མཐོའི་ནགས་ཀློང་དུ་འཚོ་གནས་བྱེད།   སྐྱེ་དངོས་ཀྱི་མྱུ་གུ་དང་སིལ་ཏོག   ས་བོན་སོགས་ཁ་ཟས་སུ་བསྟེན།   ལོ་ཧྲིལ་བོར་ཆ་དང་ཆ་བྱས་ནས་འཕུར་བསྐྱོད་བྱེད་ཅིང་དགུན་གྱི་དུས་ལ་ཁྱིམ་རྒྱུད་ཀྱི་ཚོགས་པ་ཆུང་ངུ་སྒྲིག་ནས་འཚོ།   ནམ་ལངས་དུས་སྡོང་ཕུང་གི་མདུན་དང་ས་རུབ་རྗེས་སྡོང་རྒྱབ་ནས་སྐད་སྙན་སྒྲོག་པར་བྱེད། 

    བྱ་རམས་མདོངས་ཁྱབ་ཚུལ་གྱི་ཁྱབ་ཁོངས་ཤིན་ཏུ་ཆེ་ནའང་ཁྱབ་ཚུལ་གཅིག་ལ་གཅིག་མཐུད་ཀྱི་རྣམ་པ་ཉུང་ཞིང་ས་གནས་རེ་རེའི་གྲངས་ཀ་ཡང་ཉུང་ཉུང་ཡིན།  སེམས་ཀྱི་ཉི་ཟླའི་ཡུལ་དུ་ཅུང་མཐོང་དཀོན་པའི་བྱ་རིགས་ཤིག་ཡིན།   བྱ་འདི་རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་པ་ཡིན།

སྐར་མ་ཚེ་རིང་གིས་པད་མ་རི་བོ་ནས་པར་བླངས།